བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3ལས་ཐོག་མར་བརྒལ་བ།
གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་1ཉིན་ནས་ཚེས་3ཉིན་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཉིན་གསུམ་བསྟུད་མར་མི་ཐེངས་ཁྲི་3གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་མི་ཐེངས་30050དང་། མི་ཐེངས་31078 མི་ཐེངས་31178བཅས་སོ་སོར་ཟིན་ཡོད། ཉིན་གསུམ་རིང་། རིམ་རྩིས་བརྒྱབ་ན་དུས་གཏན་གནམ་གྲུ་ཐེངས་708འཕུར་འབབ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་9.2 སྦྲག་བསྐུར་དབོར་འདྲེན་བྱེད་ཚད་ཏུན་547བཅས་ཟིན་པ་དེ་དུས་མཚུངས་ལས་7.4%དང་། 11.3% 6.9%བཅས་སོ་སོར་འཕར་བ་དང་། དུས་གཏན་གནམ་གྲུར་ཆ་སྙོམས་འགྲུལ་པ་སྡོད་ཚད་80%ལྷག་ཙམ་ཟིན་ཏེ་གྲངས་གཞི་ཁག་མངོན་གསལ་དོད་པོས་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།