ལྷ་ས་སྐྱིད་ཆུའི་ཟམ་པ།
འདི་ནི་ཟླ་7ཚེས་30ཉིན་པར་བརྒྱབ་པའི་ལྷ་ས་སྐྱིད་ཆུའི་སེམས་སྦྲེལ་ཟམ་པ་དང་། སྣེའུ་ཟམ་ཆེན། མཛེས་མཐུན་ཟམ་ཆེན། མཚོ་བོད་ལྕགས་ལམ་ལྷ་ས་སྐྱིད་ཆུའི་ཟམ་ཆེན་ཡིན་པ།
འདི་ནི་ལྷ་སའི་ཀུ་རུ་ཟམ་པ་བརྒྱབ་ནས་རླངས་འཁོར་ཤར་གཏོང་ཐུབ་སྐབས་འཚོགས་པའི་མཛད་སྒོའི་རྣམ་པ་ཡིན་པ། (1965ལོའི་ཟླ་8ཚེས་25ཉིན་པར་བརྒྱབ)
1965ལོའི་ཟླ་8ཚེས་25ཉིན། ལྷ་ས་སྐྱིད་ཆུའི་ཟམ་པ་དང་པོ་སྟེ། ཀུ་རུ་ཟམ་པ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་ལས། ས་གནས་དེ་གའི་མང་ཚོགས་ཀོ་གྲུར་བསྡད་ནས་གཙང་པོ་སྒྲོལ་བའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་ལྷ་ས་གྲོང་ཁུལ་དུ་སྣེའུ་ཤར་ཟམ་ཆེན་དང་། མཚོ་བོད་ལྕགས་ལམ་ལྷ་ས་སྐྱིད་ཆུའི་ཟམ་ཆེན། མཛེས་མཐུན་ཟམ་པ། སྣེའུ་ཟམ་ཆེན། སེམས་སྦྲེལ་ཟམ་པ། གཉེན་བསུའི་ཟམ་པ། ལྷ་ས་ཟམ་ཆེན། གཙང་རལ་ཟམ་ཆེན། རྔ་ཆེན་ཟམ་ཆེན་སོགས་ཟམ་པ་མང་པོ་བསྐྲུན་ཡོད། ལྷ་ས་སྐྱིད་ཆུར་བསྐྲུན་པའི་ཟམ་པ་དག་གིས་མི་རྣམས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་པ་མ་ཟད། གྲོང་ཁྱེར་གྱི་མཛེས་ལྗོངས་ལའང་བཀྲག་མདངས་གསར་པ་བསྣན་ཡོད་ལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བར་ཡང་བདེན་དཔང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།