དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལས་ཕན་པ་མང་པོ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཝང་ཁོ།   |     སྤེལ་དུས།  2025-08-07

    ད་ལོ་ནས་བཟུང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལ་བརྟེན་ནས་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། སྲིད་ཇུས་ཀྱི་ཁྱབ་རྒྱ་ནི་སྲོལ་རྒྱུན་གྱི་ཁྱིམ་སྤྱོད་གློག་ཆས་དང་རླངས་འཁོར་སོགས་ནས་ལག་ཐོགས་ཁ་པར་དང་། ངོས་ལེབ་གློག་ཀླད། ཕོར་འཁྲུད་འཕྲུལ་ཆས་སོགས་ཀྱི་ཐོན་རྫས་གསར་པའི་བར་རྒྱ་སྐྱེད་བྱུང་བ་མ་ཟད། བཀོད་སྒྲིག་བྱས་པའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་མ་དངུལ་ཚད་གཞི་ན་ནིང་གི་སྒོར་དུང་ཕྱུར་1500ནས་སྒོར་དུང་ཕྱུར་3000བར་མང་དུ་སོང་ཡོད་པ་རེད།

    སྲིད་ཇུས་ལས་འཛད་སྤྱོད་པ་དེ་བས་མང་བར་ཕན་པ་ཐོབ་ཅིང་། ད་ལོ་ནས་བཟུང་། འཛད་སྤྱོད་པ་ཁྲི་6600ལྷག་ཙམ་གྱིས་རིགས་ཆེ་གྲས་12ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ཐོན་རྫས་དུང་ཕྱུར་1.09ལྷག་ཙམ་ཉོས་པ་དང་། འཛད་སྤྱོད་པ་ཁྲི་6900ལྷག་ཙམ་གྱིས་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་ཁྲི་7400ལྷག་ཙམ་ཉོས་པ། རྒྱལ་ཡོངས་ཀྱི་ཚོང་ཁང་ཁྲི་8.2ཀྱིས་གློག་སྒུལ་རྐང་འཁོར་རྙིང་པ་གསར་པར་བརྗེས་ཤིང་། རིམ་རྩིས་བརྒྱབ་ན་འཁོར་རིགས་གསར་པ་ཁྲི་905.6ལྷག་ཙམ་བརྗེ་ཉོ་བྱས་པ་རེད།

    འཛད་སྤྱོད་ཁྲོམ་རའི་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ཆེ་རུ་སོང་ཞིང་། ལོ་སྟོད་བར་རྙིང་པ་གསར་པར་བརྗེ་བར་བརྟེན་ནས་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་2.9ཟིན་པར་སྐུལ་ཁྲིད་བྱས་པ་དང་མི་ཐེངས་དུང་ཕྱུར་4ཙམ་ལ་ཁ་གསབ་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ལོ་སྟོད་དུ་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་། སྒྲ་བརྙན་ཡོ་བྱད། རིག་གནས་གཞུང་སྒྲུབ་མཁོ་ཆས། འཕྲིན་གཏོང་ཡོ་བྱད། ཁྱིམ་ཆས་བཅས་ཀྱི་ཚོང་ཟོག་སིལ་འཚོང་བྱེད་ཚད་དུས་མཚུངས་ལས་30.7%དང་། 25.4% 24.1% 22.9%སོ་སོར་འཕར་བ་དང་། འཁོར་རིགས་སིལ་འཚོང་བྱེད་ཚད་དུས་མཚུངས་ལས་10.8%འཕར་ཡོད་པ་རེད།

    སྲིད་ཇུས་ཀྱི་གཏིང་རིམ་རིན་ཐང་ནི་འཛད་སྤྱོད་པའི་གྲུབ་ཚུལ་ཐད་ཀྱི་ལེགས་སྒྱུར་ལ་དེ་བས་རག་ལས་ཤིང་། རྙིང་པ་གསར་པར་བརྗེ་བར་བརྟེན་ནས་རིག་ནུས་ཐོན་རྫས་སྔར་བས་ཁྱབ་གདལ་གཏོང་ཐུབ་པ་བྱུང་ཡོད། མི་ཐབས་རིག་ནུས་ཀྱི་ལག་ཐོགས་ཁ་པར་དང་གློག་ཀླད་དང་། གད་རྒྱག་འཕྲུལ་མི། རིག་ནུས་སྒོ་ལྕགས་སོགས་ཀྱི་ཐོན་རྫས་དུད་ཁྱིམ་མང་པོར་དར་ཁྱབ་བྱུང་ནས་འཛད་སྤྱོད་པའི་འཚོ་བ་སྟབས་བདེ་ལ་ཕན་ནུས་ཆེ་བ་བྱུང་ཡོད། འཁྱེར་བདེའི་སྒྲིག་ཆས་སོགས་ཀྱི་ཐོན་རྫས་རྒྱུན་ཆད་མེད་པར་རིམ་འཇུག་བྱས་ནས་དམངས་ཚོགས་ཀྱི་སྐྱོན་བྲལ་འཛད་སྤྱོད་ཀྱི་རིམ་སྤོར་དགོས་མཁོ་བསྐངས་ཡོད། ན་ནིང་ཟླ་8པར《ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཚུན། ཚད་བཅད་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཚོང་ཟོག་སིལ་འཚོང་བྱེད་ཚད་གྲངས་གནས་གཉིས་འཕར་རྒྱུ་བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།