དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ལོ་སྟོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་5.4%འཕར་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-07

    ཧྲང་ཧའེ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་8.16ཟིན་ནས་དུས་མཚུངས་ལས་5.4%འཕར་ཏེ་དུས་མཚུངས་ཀྱི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་37.4%བཟུང་ཞིང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་5.22ཟིན་ནས་9.9%འཕར་ཡོད།

    དཔལ་འབྱོར་ཞིང་ཆེན་ཆེན་པོས་ལྕི་འགན་འཁུར་བའི་ནུས་པ་ཧུར་ཐག་བཏོན་ཞིང་། ལོ་སྟོད་དུ་ཅང་སུའུ་དང་། ཀྲེ་ཅང་། ཧྲང་ཧའེ་བཅས་ཀྱིས་སྒོར་དུང་ཕྱུར་ཁྲི་2.81དང་། སྒོར་དུང་ཕྱུར་ཁྲི་2.73 སྒོར་དུང་ཕྱུར་ཁྲི་2.15བཅས་སོ་སོར་ཕྱིར་གཏོང་ནང་འདྲེན་བྱས་པ་རེད། ཨན་ཧུའེ་ལ་གྲངས་གནས་གཉིས་འཕར་ཏེ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་4585.4ཟིན་ནས་15.2%འཕར་ཡོད།

    དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད་ཕྱེད་ཀ་ལྷག་ཙམ་བཟུང་ཞིང་། ལོ་སྟོད་དུ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་4.55ཟིན་ནས་9.4%འཕར་ཡོད།

    ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ལོ་སྟོད་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.3དང་སྒོར་དུང་ཕྱུར་ཁྲི་1.25སོ་སོར་ཟིན་ནས་17.8%དང་4.4%སོ་སོར་འཕར་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་སྒོར་དུང་ཕྱུར་ཁྲི་4.09ཟིན་ནས་10.2%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།