རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས་དངོས་གཉེར་སྲིད་ཇུས་དང་བྱེད་ཐབས་བཏོན་ཏེ་ཀྲུང་གོས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།
“ཀྲུང་གོའི་ཡུལ་སྐོར་དེ་བས་ཕུན་སུམ་ཚོགས་པོ་དང་། གསོན་ཉམས་དོད་པོ། སྤྲོ་སྣང་ལྡན་པ་བཅས་ཡོང་བར་བྱས་པ”
ཀྲུང་གོའི་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”མུ་མཐུད་རྒྱ་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་སྟབས་བདེའི་བྱེད་ཐབས་མང་དུ་ཕྱིན་ཞིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་བས་མང་པོས་ཀྲུང་གོ་ཡུལ་སྐོར་བྱ་ཡུལ་གལ་ཆེན་དུ་བརྩི་གི་ཡོད། འདི་ནི་ཉེ་ཆར་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་དབྱི་རྫོང་ཧུང་གྲོང་ཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་བཞིན་པ།
མིག་སྔར། ཀྲུང་གོ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པ་དང་རྒྱལ་མཚམས་སྒྲོལ་བའི་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་47དང་55སོ་སོར་རྒྱ་སྐྱེད་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྒྲོལ་ཐོངས་མཆན་རེ་ཞུ་བྱེད་པའི་འགྲོ་ལུགས་མུ་མཐུད་སྟབས་བདེ་རུ་བཏང་སྟེ“གཅིག་འཐུས་རྣམ་པའི”རྒྱལ་ཁོངས་སུ་འཛུལ་བའི་ཞབས་ཞུ་དང་རྒྱལ་མཚམས་ནས་ཁ་བྲལ་བའི་ཁྲལ་སློག“ག་དུས་ཡིན་ཡང་ཉོ་སློག”བྱེད་ཆོག་གི་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས་གཏོང་སྤྲོད་དང་། ཐོངས་མཆན་འགོད་པ། འགག་སྒྲོལ། ཞག་སྡོད། འགྲིམ་འགྲུལ་སོགས་རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་ཞབས་ཞུ་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྒྱལ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་དེ་བས་མང་པོ“ཡོང་ཡག་པོ་ཐུབ་པ”དང“ཡུལ་སྐོར་ཡག་པོ་བྱེད་ཐུབ་པ”བྱས་པ་རེད།
དབྱར་གསེང་བཞག་པ་དང་ཆབས་ཅིག པེ་ཅིང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་འབབ་ཚུགས་སུ་མི་ཚོགས་ཆེ་ཞིང་། གནམ་ཐང་དུ་འབྱོར་བའི་འགྲུལ་པའི་ཁྲོད་ཕྱི་རྒྱལ་བ་མི་ཉུང་བ་ཞིག་ཡོད་པ་རེད། ཟླ་7ཚེས་30ཉིན་བར། པེ་ཅིང་འགག་སྒོ་ནས་ད་ལོ་རྒྱལ་ཁོངས་སུ་འཛུལ་སྒྲོལ་བྱེད་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་328.5ཟིན་པ་དེས་རྒྱལ་ཁོངས་སུ་འཛུལ་སྒྲོལ་བྱེད་མཁན་མི་འབོར་གྱི་27.3%བཟུང་ནས་དུས་མཚུངས་ལས་37.7%འཕར་ཡོད་པ་རེད།
རྒྱལ་སའི་གནམ་ཐང་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁོངས་སུ་འཛུལ་བའི་ཐོ་འགོད་གོ་རིམ་སྟབས་བདེ་རུ་བཏང་བ་དང་མགྱོགས་མྱུར་ལས་སྒྲུབ་ས་ཁོངས་བཙུགས་ནས། གནས་སྐབས་རྒྱལ་ཁོངས་སུ་འཛུལ་བའི་ཆོག་འཐུས་མཆན་སྤྲོད་དང་རྒྱལ་ཁོངས་སུ་འཛུལ་བའི་འགྲོ་ལུགས“གཅིག་འཐུས་རྣམ་པའི”ཐོག་ནས་གཉེར་གྱི་ཡོད་པ་རེད། ཨུ་རུ་སུ་ནས་ཡོང་བའི་ཡུལ་སྐོར་བ་མ་ལི་ན་ཡིས“ད་ཆ་རྒྱལ་མཚམས་སྒྲོལ་བར་ཐོངས་མཆན་འགོད་མི་དགོས་པར་ཀྲུང་གོའི་མངའ་ཁོངས་སུ་སྡོད་པའི་དུས་ཚོད་ཆུ་ཚོད་240བར་རིང་དུ་བཏང་བ་མ་ཟད། ད་དུང་ང་ཚོས་དམིགས་བསལ་ས་ཁོངས་ནང་ཞིང་ཆེན་དང་ས་ཁོངས་བསྒྲལ་ནས་ཡུལ་སྐོར་བྱེད་ཆོག་ལ་གནམ་ཐང་གི་འགག་སྒོ་སྒྲོལ་བའི་མྱུར་ཚད་ཀྱང་ཧ་ཅང་མགྱོགས་པས་ང་ཚོར་ཀྲུང་གོ་ཤེས་རྟོགས་བྱེད་པའི་དུས་ཚོད་དེ་བས་མང་པོ་ཡོད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོར་ཀྲང་ཅ་ཅེ་འགག་སྒོ་ལས་ཁུངས་ཀྱིས་རྒྱལ་ཁོངས་སུ་འཛུལ་མཁན་གྱི་རྡོག་ཁྲེས་དང་དངོས་རྫས“འཕྲུལ་ཆས་ཀྱིས་སྔོན་ལ་ཞིབ་བཤེར”བྱས་པས། འགྲུལ་པ་ཚོ་འགག་སྒོ་སྒྲོལ་བའི་དུས་ཡུན་ཆ་སྙོམས་དེ་སྔའི་སྐར་མ་30ནས་སྐར་མ་20ཡི་ནང་ཚུན་དུ་ཐུང་དུ་ཕྱིན་ཡོད། ཝེ་ཐེ་ནམ་ནས་ཡོང་བའི་ཀྲོའུ་ཧྥན་ཏའོ་ཡིས“རབ་ཏུ་མཛེས་པའི་ཡུལ་ལྗོངས་དང་། ནུས་ཆེའི་འགག་སྒྲོལ་ཉམས་ལེན། འཐུས་ཚང་གི་ཞབས་ཞུའི་སྒྲིག་བཀོད། སེམས་རྩ་འཁོལ་བའི་མཛའ་མཐུན་གྱི་མི་དམངས་བཅས་ཀྱི་ཐོག་ནས་ཀྲང་ཅ་ཅེ་ཡིས་རྒྱལ་སྤྱིའི་ཐོག་གི་ཡུལ་སྐོར་ཉམས་ལེན་བྱ་ཡུལ་རྩེ་གྲ་སྐྲུན་བཞིན་ཡོད་པས་ངས་ཀྲང་ཅ་ཅེ་ཝེ་ཐེ་ནམ་གྱི་གྲོགས་པོ་དེ་བས་མང་པོར་འོས་སྦྱོར་བྱ་རྒྱུ་ཡིན”ཞེས་བཤད།
ཧྲའན་ཤིས་ཀྱི་གོང་མ་ཆིན་ཧྲི་ཧོང་གི་བང་སོའི་རྟེན་མཛོད་ཁང་དུ་ཡུལ་སྐོར་བ་མང་པོ་ཡོད་ཅིང་། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོས་སྤ་སེ་མངགས་ཉོ་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། གོང་མ་ཆིན་ཧྲི་ཧོང་གི་བང་སོའི་རྟེན་མཛོད་ཁང་གིས“ཕྱི་རྒྱལ་གྱི་མཉམ་འདྲེས་ཞབས་ཞུའི་ལས་སྟེགས”བཏོད་དེ། རྒྱལ་ཁབ་མང་པོའི་དངུལ་ལོར་དུས་ཐོག་ཏུ་མཇུག་རྩིས་རྒྱག་རྒྱུར་རྒྱབ་སྐྱོར་བྱས་པ་དང་སྤ་སེ་མངགས་ཉོ་བྱས་རྗེས་ལམ་ཡིག་གི་མ་ཡིག་འཁྱེར་ནས་ཨང་རྟགས་བཤེར་ཚེ་ལམ་སེང་འཛུལ་ཆོག་པས་བརྒྱུད་རིམ་ནུས་པ་ལྡན་ཞིང་སྟབས་བདེ་པོ་ཡོད། ཨོ་སི་ཁྲུ་རི་ཡ་ནས་ཡོང་བའི་ཡུལ་སྐོར་བ་ལུན་ན་ཡིས“གོང་མ་ཆིན་ཧྲི་ཧོང་གི་དུར་རྫས་རྫ་བཟོས་གྱད་རྟ་ནི་ང་ཚོ་ནང་མི་ཡོངས་ཀྱིས་ཀྲུང་གོའི་སྐོར་ཤོད་མང་ཤོས་བྱེད་པའི་བརྗོད་གཞིའི་གྲས་ཤིག་ཡིན། ཀྲུང་གོས་ཨོ་སི་ཁྲུ་རི་ཡར་ཐོངས་མཆན་མི་དགོས་པ་བཟོས་རྗེས་ང་ཚོས་འཕྲལ་མར་དྲ་ཐོག་ནས་སྤ་སེ་མངགས་ཉོ་བྱས་པ་ཡིན”ཞེས་བཤད།
ཇི་ལྟར་བྱས་ནས་གྲོགས་པོ་ཕྱི་རྒྱལ་བ་ཡོང་བདེ་བ་དང་། དགའ་སྤྲོའི་ངང་ཡུལ་སྐོར་ཐུབ་པ། བློ་བདེ་པོས་སྡོད་ཐུབ་པ་བཅས་བྱེད་པའི་ཐད་ས་གནས་ཁག་གིས་ཕྱི་རྒྱལ་བར་ཀྲུང་གོར་ལས་ཀ་བྱེད་པ་དང་། འཚོ་བ་སྐྱེལ་བ། ཡུལ་སྐོར་བྱེད་པ་བཅས་ལ་འཕྲད་པའི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་བསལ་བ་དང་རྒྱལ་ཁོངས་སུ་འཛུལ་བའི་སྟབས་བདེ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་རྗེས་མཐུད་ཀྱི་ལས་ཀ་ལེགས་པར་བསྒྲུབས་ཡོད།
ཐད་གཏོང་ཁ་པར་12345“ཕྱི་རྒྱལ་བའི་ཞབས་ཞུའི་ཆེད་སྤྱོད་ཁ་པར”བཙུགས་པ་དང་། ཧྲི་ཧྲི་གྲོང་ཁྱེར་གྱི་ཕྱི་རྒྱལ་བའི་ཞབས་ཞུའི་ལྟེ་གནས་བཙུགས་པ། “ལག་ཐོགས་ཁ་པར་གཅིག་ལ་བརྟེན་ནས་ཆོན་ཀྲོའུ་རུ་ཡུལ་སྐོར་བྱེད་པའི”བྱ་རིམ་ཆུང་ངུའི་དྲ་ཞུགས་ཀྱི་དབྱིན་ཡིག་ཞབས་ཞུའི་ནུས་པ་བཀོད་སྒྲིག་བྱས་པ། 《ཕྱི་རྒྱལ་བ་ཆོན་ཀྲོའུ་རུ་ཡུལ་སྐོར་བྱེད་པའི་ཞབས་ཞུའི་ལག་དེབ》གསར་ཤོས་ཁྱབ་བསྒྲགས་བྱས་པ་སོགས་ཆོན་ཀྲོའུ་གྲོང་ཁྱེར་གྱིས་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོས་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་དང་སྤྲོ་སྣང་འཕེལ་ཤུགས་གང་ལེགས་ཚོར་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།