ཀྲུང་གོའི་ཡིག་རིས་འགྲེམས་སྟོན་ཐུར་ཁེར་བྱས་པ།
ཉེ་ཆར། ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཐུར་ཁེའི་རིག་གནས་ཡུལ་སྐོར་པུའུ་ཡིས་ཐུར་ཁེའི་གྲོང་ཁྱེར་ཁཱ་ཕ་ཏུའོ་ཆི་ཡར་མཉམ་དུ་ཀྲུང་གོའི་ཡིག་རིས་འགྲེམས་སྟོན་བྱས་པ་རེད། ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཅང་ཞུའེ་པིན་དང་། ཐུར་ཁེའི་ནེ་ཕུའུ་ཞེ་ཞིར་ཞིང་ཆེན་གྱི་ཧྲེང་ཀྲང་ཧྥེ་ཏན། ཐུར་ཁེའི་རིག་གནས་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ཡཱ་ཚི་ཀེ་སོགས་བྱེད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།
ཅང་ཞུའེ་པིན་གྱིས། ཉེ་བའི་ལོ་ཤས་རིང་། ཀྲུང་ཐུར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་ལས་ཀྲུང་ཧྭའི་རིག་གནས་ཀྱི“སྣོད་བཅུད་མཉམ་གནས”དང“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པ”སོགས་ཀྱི་རིན་ཐང་འདུ་ཤེས་མཚོན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཞི་བདེའི་འཕེལ་རྒྱས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐུན་མོང་གི་དོན་གཉེར་བྱེད་ས་ཞིག་གྲུབ་ཡོད། ཕྱོགས་གཉིས་པོས་མུ་མཐུད་སྤེལ་རེས་ཀྱི་ལེའུ་གསར་པ་བརྩམས་ནས་དམངས་སེམས་མཐུན་སྤེལ་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
ཐུར་ཁེ་ཕྱོགས་ཀྱིས། བྱེད་སྒོ་དེ་སྣ་མང་ཕུན་སུམ་ཚོགས་པ་དང་འགྲེམས་རྫས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པས་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གཏིང་ཟབ་པའི་རྨང་གཞི་གང་ལེགས་མངོན་ཡོད། ཐུར་ཁེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱས་ནས་བྱེད་སྒོ་དེ་བས་མང་པོ་སྤེལ་ཏེ་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།