ཕྱོགས་བསྡུས་འགྲིམ་འགྲུལ་ལ་བརྟེན་ནས་ཤིང་ཏོག་ལི་ཀྲི་ཐག་རིང་དུ་དབོར་བ།
དུས་རབས་21པར་སླེབས་ཚུན། འགག་གསུམ་གནས་སྤོས་ཡུལ་མི་གནས་སྤོས་པ་དང་སྦྲགས་ཐོན་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོར་གཞིགས་ཏེ་ཁྲུང་ཆིང་གྲོང་ཁྱེར་ཕེ་ལིང་ཆུས་ནན་ཐུའོ་གྲོང་རྡལ་མུའུ་ཧོ་གྲོང་ཚོའི་གྲོང་མིས་ཤིང་ཏོག་ལི་ཀྲི་ནང་འདྲེན་བྱས་ཏེ་བཏབ་ཅིང་། ད་ཆ་འབྲི་ཆུའི་རྒྱུད་ཀྱི་ཆུ་ཐོག་དང་སྐམ་སའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་པ་དང་གྲོང་གསེབ་ཀྱི་གཞུང་ལམ་ཞིང་ནང་བར་ཤར་གཏོང་ཐུབ་ནས་ནུས་ཆེའི་དེང་རབས་ཟོག་འགྲེམས་མ་ལག་ལས་འབྲི་ཆུའི་ངོགས་ཀྱི་ཤིང་ཏོག་ལི་ཀྲི་སོས་པ་དེ་དག་ཉིན་དེ་གར་ལེ་དབར་སྟོང་གིས་ཆོད་པའི་འཛད་སྤྱོད་པར་སྐྱེལ་ཐུབ་ཀྱི་ཡོད། འདི་ནི་ཟླ་7ཚེས་30ཉིན་པར་བརྒྱབ་པའི་ཕེ་ལིང་ཆུས་ཕེ་ལིང་འབྲི་ཆུའི་ཟམ་ཆེན་གྱི་ཟམ་སྣེའི་གཞུང་ལམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཡིན་པ།
འབྲེལ་ཡོད་གསར་འགྱུར།