བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དམངས་ལ་ཕན་བདེ་སྐྲུན་དགོས།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་ཡག་པོ་བྱེད་པ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དེ་བས་རང་རྟོགས་ངང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐབས་ཇུས་དམངས་ལ་འདྲི་བ་མཐའ་འཁྱོངས་བྱ་རྒྱུ་གཅིག་གྱུར་ཡོང་བ་བྱེད་དགོས།
དམངས་ཀྱི་བསམ་འདུན་དང་རེ་འདོད་ནང་གནད་དོན་དངོས་ཐག་གཅོད་བྱེད་པའི་ཐབས་ཤེས་ཡོད་ལ་རེ་སྒུག་ཟབ་མོ་ཡང་ཡོད། དྲ་གྲོགས་ཤིག་གི“རོགས་རེས་རང་བཞིན་གྱི་རྒན་གསོའི”གྲོས་འགོ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཀོད་པ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་གྲོས་འགོ་ཁག་ཁྲི་850ལྷག་ཙམ་བསྡུ་རུབ་བྱས་པ་དང་། དེ་ནས་དྲ་དམངས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པར”གྲོས་འགོ་ཁག་ཁྲི་311.3ལྷག་ཙམ་བཏོན་པའི་བར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་པ་བརྒྱུད། ཐབས་ཇུས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་ལ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་ཐུབ་ཡོད།
མི་དམངས་མང་ཚོགས་ནི་སྒྱུར་བཅོས་འཕེལ་རྒྱས་ཀྱི་མདུན་ཕྱོགས་སུ་གནས་ཡོད་པས་སྲིད་ཇུས་ལ་ཤེས་ཚོར་ཟབ་ཤོས་ཡོད། དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བསམ་འདུན་ཉན་པ། དམངས་ཀྱི་བློ་གྲོས་གཅིག་འདུས་བཅས་མཐའ་འཁྱོངས་བྱས་ནས། མི་དམངས་ཁྲོད་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་གཞི་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་ཐུབ།
དམངས་ལ་ཕན་བདེ་སྐྲུན་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད་ཅིང་། མང་ཚོགས་ཀྱི་རེ་སྒུག་ཁྲོད་ནས་ལས་ཀའི་དམིགས་ས་དང་སྲིད་ཇུས་ཀྱི་ཤུཌ་རྒྱག་ས་ཡང་དག་བཙལ་ཏེ། ལོ་ལྔའི་འཆར་འགོད་རྒྱུན་མཐུད་ལག་ལེན་བསྟར་བ་བརྒྱུད་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་བསྒྲུབས་ནས། འགག་སྒྲོལ་དམག་འཐབ་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་བྱས་ཚེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་དོན་དངོས་ལ་འགྱུར་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།