ལོ་སྟོད་དུ་ཀོང་ཤིས་སུ།
རྒྱལ་ཁོངས་འཛུལ་ནས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་དུས་མཚུངས་ལས་བཅུ་ཆ་བདུན་ལྷག་ཙམ་འཕར་བ།
གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱིས་སྣེ་ལེན་ཞུས་པའི་རྒྱལ་ཁོངས་འཛུལ་ནས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བའི་མི་ཐེངས་དུས་མཚུངས་ལས་75.1%འཕར་བ་དང་། རྒྱལ་ཁོངས་འཛུལ་ནས་ཞག་སྡོད་བྱེད་མཁན་ཡུལ་སྐོར་བའི་འགྲོ་གྲོན་དུས་མཚུངས་ལས་77.5%འཕར་བ། ཕྱི་རྒྱལ་གྱི་འགྲུལ་ཁུངས་ཨང་དང་པོ་ནས་ལྔ་པའི་བར་ནི་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཧན་གོ སིང་ཀ་ཕོར། ཨ་རི་བཅས་ཡིན་པ་རེད།
ད་ལོ་ཚུན་དུ། ཀོང་ཤིས་ཀྱིས་ཐབས་ལམ་སྣ་མང་དང་རྣམ་པ་འདྲ་མིན་གྱི་རྒྱལ་ཁོངས་འཛུལ་ནས་ཡུལ་སྐོར་དྲིལ་བསྒྲགས་བྱས་ཏེ། རྒྱལ་ཁོངས་འཛུལ་ནས་ཡུལ་སྐོར་གྱི་མཁོ་སྤྲོད་འཁོར་འབྲེལ་སླར་གསོ་ཧུར་ཐག་བྱས་ཡོད། ཀོང་ཤིས་རིག་གནས་དང་ཡུལ་སྐོར་ཐིང་གིས་རྒྱལ་ཁོངས་འཛུལ་ནས་ཡུལ་སྐོར་གྱི་བྱ་དགའ་དང་ཁ་གསབ་བྱེད་ཐབས་ལེགས་སུ་བཏང་སྟེ། ཡུལ་སྐོར་ཁེ་ལས་ཕྱི་རྒྱལ་དུ་བསྐྱོད་ནས་ཚོང་གཉེར་ཁྱབ་གདལ་བྱེད་པར་སྐུལ་ལྕག་བཏང་བ་དང་། རྒྱལ་ཁོངས་ཡུལ་སྐོར་ཁེ་ལས་གཙོ་བོ་འགྲུལ་ཁུངས་གལ་ཆེན་དུ་བསྐྱོད་ནས་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོགས་དང་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོག་པ་སོགས་སྒྲིག་འཛུགས་བྱས་ཡོད། ལོ་སྟོད་དུ་ཀུའེ་ལིན་གྱིས་ཨུ་རུ་སུའི་ཀུའེ་ལིན་གྱི་ཆེད་དོན་འབྲེལ་མཐུད་ཚོགས་འདུ་དང་ཀྲུང་ཝེའི་རྒྱལ་སྒྲོལ་ཡུལ་སྐོར་མཉམ་ལས་སྤེལ་རེས། ཀང་ཨའོ་ཐའེ་ཡི་གཞོན་ནུ་ལོ་ཆུང་གི་ཞིབ་སློབ་ཡུལ་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ནན་ཉིང་གིས་ཆུ་ཚོད་240རིང་གི་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལས་བྱུང་བའི་ཁྲོམ་རའི་དགེ་མཚན་དམ་འཛིན་བྱས་ནས་རྒྱལ་ཁོངས་ཕྱིའི་ཡུལ་སྐོར་བ་ནན་ཉིང་དུ་འཛད་སྤྱོད་ལ་ཡོང་རྒྱུ་སྟབས་བདེ་བསྐྲུན་ཡོད། ཁྲུང་ཙུའོ་ཡིས་ཀྲུང་ཝེའི་རྒྱལ་སྒྲོལ་ཡུལ་སྐོར་སྤེལ་རེས་བྱེད་སྒོ་ཧུར་ཐག་སྤེལ་ཞིང་། རྒྱལ་སྒྲོལ་འབྲེལ་མཐུད་བྱེད་སྒོ་ཐེངས་5སྤེལ་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།