ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་དངོས་སུ་སྒོ་ཕྱེ་བ།
ཟླ་8ཚེས་4ཉིན། ནུབ་རྒྱུད་དངུལ་རྩ་གསར་གཏོད་ལྟེ་གནས་སུ་གནས་པའི་ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་དངོས་སུ་སྒོ་ཕྱེ་བ་རེད། ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་ནི་འགྲན་བསྡུར་རིང་སྨྱན་སྦྱོར་ཐོ་འགོད་ཀྱི“སྒར་ཆེན”ཞིག་ཡིན་ཞིང་། འགྲན་བསྡུར་གནས་ཚུལ་སྤེལ་བར་མཁོ་བའི་གཞུང་སྒྲུབ་དང་། སྐད་རིགས། འགྲིམ་འགྲུལ། བཟའ་བཏུང་། ལག་རྩལ། ཚོང་ལས་ལེ་ལག་སོགས་ཀྱི་སྒྲིག་ཆས་དང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། འདི་ནི་ཉིན་དེར་ལས་དོན་པས(གཡོན་གྱི་དང་པོ)ཁྲེང་ཏུའུ་འཛམ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་གཙོ་བོའི་ལྟེ་གནས་ཀྱི་སྨྱན་སྦྱོར་གསར་འགོད་པར་དམིགས་བསལ་ཆོག་ཁྲོལ་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།