དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲང་ཧའེ་མཉམ་ལས་རྩ་འཛུགས་གཞོན་ནུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ།

    ཞི་བདེ་དང་འཕེལ་རྒྱས་ལ་གཞོན་ནུའི་སྟོབས་ཤུགས་ལེཌ་སྐྱེས་འབུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆུས་སུང་། ཆུས་ཕེ།   |     སྤེལ་དུས།  2025-08-06

    ཟླ་7ཚེས་29ཉིན། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གཞོན་ནུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་གཞོན་ནུ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་འཐུས་མིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བར་དྲན་གསོ་ཞུ་རྒྱུའི་སྐོར་གྱི་གསལ་བསྒྲགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཚོགས་ཞུགས་ཕྱོགས་ཁག་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུའི་མཉམ་ལས་གྲུབ་འབྲས་ལ་གདེང་འཇོག་ཧུར་ཐག་བྱས་ནས་འབྱུང་འགྱུར་ཞི་བདེ་དང་འཕེལ་རྒྱས་ཡོང་བར་གཞོན་ནུའི་སྟོབས་ཤུགས་སྔར་བས་འདོན་རྒྱུ་ཡིན་ཚུལ་བསྟན་པ་རེད།

    ཚོགས་འདུའི་ཐོག་ཀྲུང་གོ་དང་། བྷེ་ཨུ་རུ་སུ། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་རུ་སུ། ཐ་ཇིག་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་གཞོན་ནུའི་ལས་དོན་སྒྲིག་གཞི་དང་གཞོན་ནུའི་རྩ་འཛུགས་ཀྱི་འགན་འཁུར་བས་གཞོན་ནུའི་ལས་དོན་སྤེལ་ཚུལ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་དབར་གྱི་གཞོན་ནུའི་སྤེལ་རེས་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཐུར་སུའུ་ནུའོ་ཧྥུའུ·པ་ཏིར·ཨེར་ཅི་ནོ་ཝུའེ་ཆིས་ཤིས་ཚིག་སྒྲོན་སྐབས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གཞོན་ནུ་ཨུ་ཡོན་ལྷན་ཁང་དང་མཉམ་ལས་བྱ་རྒྱུར་ཤུགས་བརྒྱབ་ནས་གཞོན་ནུའི་སྤེལ་རེས་སྐོར་གྱི་རྒྱལ་ཁབ་ཁག་གི་གཙོ་བདག་གི་ཐུན་མོང་ངོས་འཛིན་མཉམ་དུ་དོན་འཁྱོལ་བྱེད་འདོད་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུར་ཕྱོགས་པའི་ལག་ལེན་བྱེད་སྒོར་ཤུགས་བརྒྱབ་ནས་གཞོན་ནུ་ཚན་རྩལ་དང་། སློབ་གསོ། ལུས་རྩལ། རིག་གནས། ཡུལ་སྐོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་གི་གཞོན་ནུའི་མཉམ་ལས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། གཞོན་ནུ་ཚོའི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་དགོས་པའི་འབོད་སྐུལ་བྱས་པ་རེད།

    བྷེ་ཨུ་རུ་སུའི་གཞོན་ནུ་མནའ་འབྲེལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ཡ་ལི་ཧྲན་ཏ·ལུའུ་ཅི་དབྱང་ནུའོ་ཧྥུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གཞོན་ནུ་ཚོས་ནུས་པ་སྔར་བས་ལེགས་པ་འདོན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་མཛའ་གྲོགས་འགྲོ་འོང་ལ་སྐུལ་མ་གཏོང་རྒྱུར་བྷེ་ཨུ་རུ་སུས་མཐོང་ཆེན་པོ་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཧ་སག་སི་ཐན་གྱི་ཁ་ལ་ཀན་ཏ་ཀྲོའུ་ཡི་ས་གནས་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མི་ཨ་སི་ཁར·ཨའོ་ལ་ཙི་པེ་ཁོ་ཧྥུའུ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སློབ་ཆེན་གྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་རྣམ་གྲངས་ལ་བརྟེན་ནས་ཀྲུང་གོར་སློབ་སྦྱོང་བྱེད་མྱོང་ཞིང་། ཁོང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཞོན་ནུ་ཨུ་ཡོན་ལྷན་ཁང་གི་ལས་སྟེགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུ་ཚོར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་རོགས་བྱས་ནས་ཕྱོགས་མང་མཉམ་ལས་དང་རིག་གནས་ལས་བརྒལ་བའི་སྤེལ་རེས་ལ་སྐུལ་འདེད་བཏང་བའི་ངོས་འཛིན་བྱས།

    ཁེར་གྷི་སི་ཐན་གཞོན་ནུའི་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐ་ལ་དབྱི་པེ་ཁེ·ཏ་དབྱིར་པེ་ཁོ་ཧྥུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཞོན་ནུའི་སྤེལ་རེས་སྒར་ས་ནས་འཛམ་གླིང་གཞོན་ནུ་འཕེལ་རྒྱས་གླེང་སྟེགས་བར། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་གཞོན་ནུའི་སྤེལ་རེས་ལ་གོ་སྐབས་སྦྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གཞོན་ནུའི་བྱེད་སྒོའི་འཆར་གཞི་དང་མཉམ་ལས་ཀྱི་གྲོས་འགོའི་ཐད་གྲོས་བསྡུར་ཧུར་ཐག་བྱེད་འདོད་ཡོད་ཅེས་བརྗོད།

    ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུ་ཏང་ཆེས་མཐོའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁེ་ལ་ཧྥུའུ་ཆིན་ཁོ་ཡིས། གཞོན་ནུའི་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་པ་དེས་མི་ཆོས་རིག་གནས་ཀྱི་ཁྱབ་ཁོངས་ཐད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། གཞོན་རབས་པ་ཚོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་ངེས་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།