དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ནེ་པ་ལའི་ཙུང་ལིས་བརྗོད་དོན།

    ནེ་པ་ལ་དང་ཀྲུང་གོའི་དབར་གྱི“ཉམས་སད་ཡུན་རིང་ཐེག་པའི་མཛའ་གྲོགས”ལ་ གཅེས་སྤྲས་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-06

    ཤིན་ཧྭ་གསར་འགྱུར་ཁང་ཀ་ཏ་མན་རྡུ་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ནེ་པ་ལའི་ཙུང་ལི་ཨའོ་ལི་ཡིས། ནེ་པ་ལ་ཕྱོགས་ཀྱིས་ནེ་པ་ལ་དང་ཀྲུང་གོའི་དབར་གྱི“ཉམས་སད་ཡུན་རིང་ཐེག་པའི་མཛའ་གྲོགས”ལ་གཅེས་སྤྲས་བྱེད་པ་དང་འབྲེལ། ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད་ཅེས་བརྗོད།

    ཉིན་དེའི་དགོང་མོར། ཨའོ་ལི་ཡིས་ཀ་ཏ་མན་རྡུ་རུ་འཚོགས་པའི་ཀྲུང་གོ་དང་ནེ་པ་ལའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་སྣེ་ལེན་ཚོགས་འདུའི་ཐོག་ཤིས་ཚིག་སྒྲོན་སྐབས། ལོ་ངོ་70ཡི་རིང་། ཕན་ཚུན་ཡིད་ཆེས་བྱ་རྒྱུ་རྨང་གཞི་དང་ཐུན་མོང་གི་རིན་ཐང་ལྟ་བ་མཛུབ་ཁྲིད་དུ་བྱས་པར་བརྟེན་ནེ་པ་ལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལའི་བདག་དབང་དང་། མངའ་ཁོངས་ཆ་ཚང་། ཆབ་སྲིད་རང་བཙན་བཅས་ལ་ཐོག་མཐའ་བར་གསུམ་དུ་བརྩི་འཇོག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཨའོ་ལི་ཡིས“ང་ཚོས་ནེ་པ་ལ་དང་ཀྲུང་གོའི་དབར་གྱི་ཉམས་སད་ཡུན་རིང་ཐེག་པའི་མཛའ་གྲོགས་ལ་དེ་བས་ཀྱང་གཅེས་སྤྲས་བྱེད་ཀྱི་ཡོད། ཀྲུང་གོ་ནི་ང་ཚོའི་ཁྱིམ་མཚེས་ཡིན་ལ། ང་ཚོས་བློས་འགེལ་ཆོག་པའི་འཕེལ་རྒྱས་ཀྱི་རོགས་ཟླའང་ཡིན” སླད་ཕྱིན་རྨང་གཞི་བརྟན་པོ་དེའི་ཐོག་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། འབྲེལ་བ་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ཀྱི་ཐབས་ལམ་གསར་པ་གཏོད་པ་བཅས་བརྒྱུད་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་ཤིས་ཚིག་སྒྲོན་སྐབས། ལོ་ངོ་70ཡི་རིང་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོས་ཚོད་བགམ་སྣ་ཚོགས་ཐེག་པ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་སེམས་ཟབ་ཏུ་བཏང་ཡོད། འགྱུར་ལྡོག་དང་འགྲན་སློང་ཆེ་བའི་འཛམ་གླིང་གི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཐོ་རིམ་དབར་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་སེམས་ཟབ་ཏུ་བཏང་སྟེ། རྒྱལ་སྤྱིའི་གར་སྟེགས་ཐོག་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད་ལ། ཀྲུང་གོས་ཀྲུང་གོའི་ཇུས་གཞི་སྤྱད་ནས་ནེ་པ་ལས་འཕེལ་རྒྱས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པར་རོགས་རམ་བྱེད་འདོད་ཀྱང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།