དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡའི་ཙུང་ཐུང་གིས་བརྗོད་དོན།

    ཐན་ཀྲུང་ཟོག་འགྲེམས་མཉམ་ལས་རྣམ་གྲངས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-06

    ཏ་རེ་སི་ས་ལམ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཚེས་1ཉིན་ཏ་རེ་སི་ས་ལམ་དུ་ཐན་ཙན་ནི་ཡའི་ཙུང་ཐུང་ས་སྨི་ཡ·སུའུ་ལུའུ་ཧུའུ·ཧ་སང་ཨ་ཧྥེ་རི་ཁ་ཤར་མའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་ཀྲུང་གོའི་ཀུང་སིས་མ་རྩ་བཞག་ནས་བསྐྲུན་པའི་གཙོ་གནད་རྣམ་གྲངས་དེས་ས་གནས་དེ་གའི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་བསྔགས་བརྗོད་བྱས་པ་རེད།

    ཐན་ཙན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་མིང་ཅན་གྱིས་ཤིས་ཚིག་ནང་། ཉེ་བའི་ལོ་ཤས་རིང་། ཀྲུང་ཐན་དངོས་སྒྲུབ་མཉམ་ལས་ཐད་བཟོ་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཀྲུང་གོས་ཐན་ཙན་ནི་ཡའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་རྒྱུན་འཁྱོངས་ལོ་དགུ་བསྟུད་མར་བྱས་ཡོད་ལ། ལོ་མང་རིང་བསྟུད་མར་ཐན་ཙན་ནི་ཡའི་ཕྱི་རྒྱལ་གྱི་མ་དངུལ་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཨང་དང་པོར་གྱུར་ཡོད། རྣམ་གྲངས་འདི་ནི་ཀྲུང་ཐན་དངོས་སྒྲུབ་མཉམ་ལས་ཟབ་ཏུ་རྒྱུན་ཆད་མེད་པར་བཏང་བ་ལས་བྱུང་བའི་གཡུར་ཟའི་འབྲས་བུ་ཞིག་རེད་ཅེས་བརྗོད།

    རྣམ་གྲངས་དེ་ཝེ་ཧའེ་ཧྭ་ཐན་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཚད་ཡོད་ཀུང་སིས་མ་རྩ་བཞག་ནས་བསྐྲུན་ཞིང་། ཀུང་སིའི་ཏུང་ཧྲི་ཀྲང་ཝང་ཞང་ཡུན་གྱིས། རྣམ་གྲངས་འདིར་མ་དངུལ་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1.7བཏང་བ་དང་། འདི་ནི་དེང་རབས་ཕྱོགས་བསྡུས་ཚོང་དོན་ཟོག་འགྲེམས་ལས་རིགས་ཀྱིས་གཙོ་ཁྲིད་བྱས་ནས་སྡེབ་ཚོང་དང་། སིལ་ཚོང་། ཟོག་འགྲེམས། མཛོད་ཉར། འགྲེམས་ཚོགས། རིག་གནས། ས་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན། ཡུལ་སྐོར་ཉོ་ཚོང་སོགས་ཀྱི་བྱེད་ནུས་གཅིག་འདུས་ཀྱི་གྲོང་ཁྱེར་གྱི་གནས་རྟགས་ཀྱི་སྐྲུན་དངོས་གསར་པ་ཞིག་ཡིན་ལ། ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ལྡན་པའི་ཚོང་དོན་དང་ཟོག་འགྲེམས་ལྟེ་གནས་ཆེ་གྲས་ཀྱི་གྲས་ཤིག་ཀྱང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།