དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁུ་པས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི”བརྗོད་དོན་གཙོ་བོའི་རིག་གཞུང་ཆེད་སྒྲིག་དུས་དེབ་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། ཁུ་པའི་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་དུས་ཚིགས་དུས་དེབ《ང་ཚོའི་མེ་གླིང》གིས་ཟླ་8ཚེས་1ཉིན་རྒྱལ་ས་ཧ་ཝ་ན་རུ“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི”བརྗོད་དོན་གཙོ་བོའི་ཆེད་སྒྲིག་དུས་དེབ་འགྲེམས་སྤེལ་ཚོགས་འདུ་འཚོགས་ཤིང་། ད་ཐེངས་ཀྱི་ཆེད་སྒྲིག་དུས་དེབ་ནང་ཀྲུང་གོ་དང་ཁུ་པའི་མཁས་དབང་དང་ཕྱི་འབྲེལ་དཔོན་20ལྷག་ཙམ་གྱི་ཞིབ་འཇུག་རྩོམ་ཡིག་བསྡུ་རུབ་བྱས་ཡོད་པ་དེའི་ནང་དོན་ཐད་ཀྲུང་གོའི་ཕྱི་འབྲེལ་འདུ་ཤེས་དང་། དེ་བཞིན་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་དེའི་ལག་ལེན། ཀྲུང་གོ་དང་ཁུ་པའི་དབར་གྱི་ཕྱོགས་གཉིས་འབྲེལ་བའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་སོགས་ཚུད་ཡོད་པ་རེད།

    ཁུ་པའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཧོ་སའེ་ཧྥེ་ན·པི་ཏར་གྱིས་དུས་དེབ་འགྲེམས་སྤེལ་ཚོགས་འདུའི་ཐོག་ཤིས་ཚིག་གནང་ནས་ཁུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་ཉེར་ཡོད་པས་ཆེད་སྒྲིག་དུས་དེབ་འགྲེམས་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད། ཁོང་གིས། བརྗོད་དོན་གཙོ་བོའི་ཆེད་སྒྲིག་དུས་དེབ་འགྲེམས་སྤེལ་བྱས་པ་བརྒྱུད། ཁུ་ཀྲུང་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་དང་ཐ་ན་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད། རིག་གཞུང་ལས་རིགས་ཀྱིས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་མུ་མཐུད་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད།

    ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྭ་ཤིས་ཀྱིས་དུས་དེབ་འགྲེམས་སྤེལ་ཚོགས་འདུའི་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་པ་མ་ཟད། ཀྲུང་གོ་དང་ཁུ་པ་སོགས་རྒྱལ་ཁབ་དབར་གྱི་མཉམ་ལས་བརྒྱུད་རིམ་བཞིན་རྩ་བར་ཚུགས་ཡོད། ཀྲུང་གོ་དང་ཕྱོགས་གཉིས་དབར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སའི་གོ་ལའི་ཕྱེད་ནུབ་མའི་རྒྱལ་ཁབ་དང་པོ་ཡིན་པའི་ཁུ་པས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ལ་ཏིང་མེ་གླིང་གི་སྟོབས་ཤུགས་སྣོན་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།