ཆུ་བེད་པུས་ཀན་སུའུ་དང་མཚོ་སྔོན་གྱི་ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་དང་ལེན་རིམ་པ་Ⅲབར་མཐོ་རུ་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་དགོང་མོར། ཆུ་བེད་པུས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཆུ་ལོག་སྔོན་འགོག་གི་འཕྲལ་སྡོམ་དང་ལེན་རིམ་པ་Ⅳནས་Ⅲབར་མཐོ་རུ་བཏང་བ་རེད།
ཆུ་བེད་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱི་མ་འོངས་ཆུ་ཚོད་24ཡི་ཤྭ་འོད་གནོད་འཚེའི་གནམ་གཤིས་ཉེན་ཟོན་སྔོན་བརྡའི་དབྱེ་ཞིབ་བྱས་འབྲས་ལ་གཞིགས་ན། ཟླ་8ཚེས་3ཉིན་གྱི་ཆུ་ཚོད་20ནས་ཟླ་8ཚེས་4ཉིན་གྱི་ཆུ་ཚོད་20ཡི་བར་ཀན་སུའུ་ཡི་ཏིང་ཤིས་དང་། ཀན་ལྷོ། ལན་ཀྲོའུ། ཀ་ཆུ་སོགས་གྲོང་ཁྱེར(ཀྲོའུ)གྱི་རྫོང(གྲོང་ཁྱེར་དང་ཆུས)25དང་། མཚོ་སྔོན་གྱི་མཚོ་ཤར་དང་། མཚོ་ལྷོ། རྨ་ལྷོ་སོགས་གྲོང་ཁྱེར(ཀྲོའུ)གྱི་རྫོང(གྲོང་ཁྱེར་དང་ཆུས)6གི་ཉེན་ཟོན་སྔོན་བརྡའི་རིམ་པ་དམར་པོར་སླེབས་ཡོད་པ་རེད།
ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ཆུ་བེད་པུས་ཞིང་ཆེན་གཉིས་ཀྱི་ཆུ་བེད་སྡེ་ཚན་ལ་སྔོན་འགོག་གི་འགན་འཁྲི་སྔར་བས་ནན་དུ་བཏང་ནས། ས་ཆ་ཁ་ཤས་སུ་དྲག་ཆར་འབབ་པའི་བརྒྱུད་རིམ་ལ་ལྟ་ཞིབ་ནན་པོ་བྱས་ཏེ། ལུང་ཤུར་གཅིག་སྡུད་ཁུལ་དང་། ཨར་སྐྲུན་ལས་ཡུལ། རོང་སའི་མཛེས་ལྗོངས་ས་ཚིགས། ཟམ་པའི་ཆུ་སྟོད་དང་ཆུ་སྨད་སོགས་ཤྭ་འོད་ཀྱི་ཉེན་ཁའི་གནས་དང་ས་ཁོངས་ལ་གཙོ་གནད་དོ་ཁུར་བྱེད་པ་དང་། དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་རིམ་པ་ལེགས་སྒྲིག་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་གི་ནུས་པ་གང་ལེགས་འདོན་པ། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་འགན་འཁུར་བར་འཕྲལ་མར་བརྒྱུད་སྤྲོད་བྱེད་པ། ས་གནས་ལ“སུས་སྒྲིག་འཛུགས་དང་། སུ་གནས་སྤོ། ག་དུས་གནས་སྤོ། གང་དུ་གནས་སྤོ། རང་དགར་མི་ལོག་པ”བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལྔ་དང་གནོད་འཚེའི་སྔོན་ཚུད་ཉེན་བརྡའི“ཁ་གཏད་གཅོག་ཐབས”དོན་འཁྱོལ་ནན་པོ་བྱེད་པར་དྲན་སྐུལ་སྐུལ་འདེད་གཏོང་བ། ཉེན་ཁའི་ཁུལ་གྱི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ་བཅས་བྱས་ཏེ། ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།