བོད་ཀྱི་གསར་རྩོམ་བྱིས་པའི་རོལ་དབྱངས་ཟློས་གར་ཐོག་མ་དེ་འཁྲབ་འགོ་ཚུགས་པ།
ཉེ་ཆར། བོད་ཀྱི་གསར་རྩོམ་བྱིས་པའི་རོལ་དབྱངས་ཟློས་གར་ཐོག་མ《ས་མཐོའི་སྤྱང་གྲུང་ལྡན་པའི་རི་དྭཌ》ཞེས་པ་བོད་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་འགོ་ཚུཌ་པ་རེད། ཟློས་གར་དེའི་ནང་ས་མཐོའི་སྐྱེ་ཁམས་ཤེས་དཔལ་ལ་དམིཌ་ནས་འབྲི་གཡག་དང་། འབྲོང་། གཙོད། ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆཌ་ཀྱི་གཟུཌ་བརྙན་གཙོ་བོར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་གྲུབ་འབྲས་དང་འགྱུར་ལྡོག་གསོན་ཉམས་དོད་པོས་མཚོན་པར་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་རྣམ་པ་ཞིག་མངོན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཟློས་གར་བརྩམས་ཆོས་དེ་གྲ་སྒྲིག་བརྒྱུད་རིམ་ནས་འཁྲབ་འགོ་ཚུགས་པའི་བར་དུས་ཡུན་ལོ་གསུམ་ཙམ་འགོར་བ་དང་། འཁྲབ་སྟོན་ནང་ཞུགས་མཁན་འཁྲབ་སྟོན་པ་ཚང་མ་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཁོངས་མི་རེད། གཏམ་བརྗོད་ཟློས་གར་ཚོགས་པས་ད་དུང་ལྗོངས་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་གདན་དྲངས་ནས་མཉམ་དུ་འཁྲབ་འཁྲིད་པ་དང་། ཟློས་གར་གསར་རྩོམ། རོལ་དབྱངས་སོགས་ལྷུ་ཚིགས་ཀྱི་གསར་རྩོམ་ལས་དོན་ནང་ཞུགས་ཡོད།
འབྲེལ་ཡོད་གསར་འགྱུར།