དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རྫོང(གྲོང་ཁྱེར་དང་ཆུས)71ལ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་རྫོང་ཁོངས་ཀྱིས་གཅིག་གྱུར་དོ་དམ་བྱེད་པའི་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-06

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ། རང་ལྗོངས་ཀྱིས“3+1”གི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་བདག་སྐྱོང་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་སྟེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་མ་ལག་ཚད་རིམ་གཉིས་སྤོར་ཡོང་བར་སྐུལ་འདེད་བཏང་ཡོད། ཟླ་6པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)71ལ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་རྫོང་ཁོངས་ཀྱིས་གཅིག་གྱུར་དོ་དམ་བྱེད་པའི་ལམ་སྲོལ་བཙུགས་ཡོད།

    གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་ལས་གྲྭ་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར་9.37བཏང་སྟེ། ཆུ་མཁོ་འདོན་ལས་གྲྭ་1003གཉེར་ཡོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ས་ཚིགས་ཉམས་བཟོ་དང་བདག་སྐྱོང་ལ་མ་དངུལ་སྒོར་ཁྲི་6825.55བཏང་སྟེ། ཉམས་བཟོ་དང་བདག་སྐྱོང་ལས་གྲྭ་350ལེགས་གྲུབ་བྱས་ནས་སྐབས་འཕྲལ་གྱི་ཆུ་མཁོ་འདོན་གནད་དོན་ཁག་395ཐག་གཅོད་བྱས་ཡོད། ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་4.94དོན་འཁྱོལ་བྱས་ཏེ། ཞིང་ཆུ་འདྲེན་གཏོང་ཁུལ་འབྲིང་གྲས་རྒྱུན་མཐུད་འཛུགས་སྐྲུན་དང་ལྷན་སྦྱར་དང་དེང་རབས་ཅན་གྱི་སྒྱུར་བཀོད་ལས་གྲྭ་7དང་། ཆུ་མཛོད་ཆུང་གྲས་2 སྤྱི་ཕན་རང་བཞིན་གྱི་ཆུ་བེད་ལས་གྲྭ་ཉམས་བཟོ་བདག་སྐྱོང་གི་རྣམ་གྲངས་བཅས་ལག་ལེན་བསྟར་ཡོད། རྐང་འཛིན་ལས་གྲྭའི་སྙོམས་གསོག་དང་ཆུ་མཁོ་འདོན་ནུས་པ་གང་ལེགས་བཏོན་ཏེ་རིམ་རྩིས་བརྒྱབ་ན་ཆུ་འདྲེན་པ་དང་ཆུ་མཁོ་འདོན་སྨི་རྒྱ་དཔངས་དུང་ཕྱུར་5.36བྱས་པ་དང་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་345.89ལ་ཆུ་དྲངས་ནས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་འཕར་སྣོན་ཡོང་བར་ཆུ་མཁོ་འདོན་འགན་ལེན་ནུས་ལྡན་བྱས་ཡོད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) མ་དངུལ་སྒོར་ཁྲི་1969.57དོན་འཁྱོལ་བྱས་ནས་ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་ཕྱོགས་ཡོངས་ནས་མཇུག་བསྡུ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས། ལོ་སྨད་དུ་རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆུ་འདྲེན་གཏོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཆར་འགོད》མུ་མཐུད་དོན་འཁྱོལ་ནན་ཏན་བྱས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་གྱི་སྤུས་འབྲས་ལེགས་གཉེར་ཐད་ཚད་བརྒལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞིང་ཆུ་འདྲེན་གཏོང་དང་ཆུ་མཁོ་འདོན་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་པ། ཆུ་བེད་ཀྱིས་དམངས་ཕན་འབབ་འཕར་དང་མྱུར་ཚད་མགྱོགས་གཏོང་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཆུ་བེད་ཀྱིས་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།