དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ན་ཁྲ་གྲོང་ཚོས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-06

    ཉེ་ཆར། ལྷ་རི་རྫོང་རྫ་འབི་ཤང་ན་ཁྲ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ལྷན་གཉིས་དང་མཉམ་དུ“ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ། འཕེལ་རྒྱས་ལེའུ་གསར་མཉམ་དུ་རྩོམ ”ཞེས་པའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པས་ལོ་ངོ་60ཡི་རིང་གྲོང་ཚོའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་བྱ་ཆེད། གྲོང་ཚོའི་ནང་གི་འདྲ་པར་རྙིང་པ་དང་ཅ་དངོས་རྙིང་པ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ནས་གྲོང་ཚོའི་ལོ་རྒྱུས་ཁང་དུ“ལོ་ཟླའི་འཕོ་འགྱུར”ཞེས་པ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ཁང་ནང་ཚོན་ཁྲ་མེད་པའི་པར་རྙིང་པ་དང་ཚོན་ཁྲ་ཅན་གྱི་པར་རིས་གསར་པ་བསྡུར་བ་བྱས་ཏེ། ད་ཆའི་ན་ཁྲ་གྲོང་ཚོའི་ལམ་བུ་དང་། རིག་གནས། ཁོར་ཡུག་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ལུགས་མངོན་པར་བྱས་ཡོད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱིས་གྲོང་མིའི་རེ་སྒུག་དེ་ལས་ཀའི་སྒུལ་ཤུགས་སུ་བརྩིས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་ལེགས་སུ་གཏོང་བ་སོགས་ལ་ནུས་ཤུགས་བརྒྱབ་སྟེ་ན་ཁྲ་གྲོང་ཚོ་གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་ཐོག་གོམ་པ་བརྟན་པོས་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།