བསམ་གྲུབ་རྩེ་ཆུས་ཀྱིས་གནད་སྨིན་གསོ་སྦྱོང་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་རམ་འདེགས་བྱས་པ།
འདི་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་ཁྲོམ་རའི་དགོས་མཁོ་དང་། མང་ཚོགས་ཀྱི་འདོད་བློ། ཐོན་ལས་འཕེལ་རྒྱས་བཅས་སྟོན་ཕྱོགས་སུ་བྱས་ཏེ་གནད་སྨིན་གསོ་སྦྱོང་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་ནས་བཟུང་། བསམ་གྲུབ་རྩེ་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་གསོ་སྦྱོང་འཆར་གཞིའི་སྤྱི་བསྒྲགས་ཐེངས་4ཁྱབ་བསྒྲགས་བྱས་པ་དང་། ཤང(ཁྲོམ་གཞུང)14དང་དེ་བཞིན་གྲོང་ཁུལ་གྱི་སྒྲིག་གཞིར་གློག་ལས་དང་དྲ་རྒྱའི་ལས་གཏོད་སོགས་རིགས་10ལྷག་ཙམ་གྱི་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐེངས་31གཉེར་བ་དང་སྦྱོང་བརྡར་ནང་ཞུགས་མཁན་མང་ཚོགས་978ཟིན་པའི་ཁྲོད་ཀྱི་མི་70%ལས་ཞུགས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།