སྒར་རྫོང་གིས་བེད་མེད་ཐོན་ཁུངས་སྤྱད་ནས་རླངས་འཁོར་འཇོག་ས་3800ལྷག་ཙམ་མང་དུ་བཏང་བ།
འདི་ལོ་ཚུན་དུ་མངའ་རིས་ས་ཁུལ་སྒར་རྫོང་གིས་གྲོང་ཁུལ་མཛེས་སྡུག་ལྡན་པ་དང་། ཤང་དང་གྲོང་རྡལ་མཛེས་ཉམས་ལྡན་པ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དང་ལས་འགན་དུ་བྱས་ཏེ། བེད་མེད་ཐོན་ཁུངས་སྤྱད་པ་དང་རིན་མེད་ངང་རླངས་འཁོར་འཇོག་ས་རྒྱས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རིམ་རྩིས་བརྒྱབ་ན། རླངས་འཁོར་འཇོག་ས་3850མང་དུ་བཏང་ནས་ཡུལ་སྐོར་བ་དང་། གྲོང་མི། ཚོང་པ་སོགས་མི་ཐེངས་5000ལྷག་ཙམ་ལ་ཕན་པ་ཐོབ་པས། མང་ཚོགས་རླངས་འཁོར་འཇོག་པར་སྟབས་བདེ་བསྐྲུན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྒར་རྫོང་གི་ཁོར་ཡུག་ཕྱོགས་བསྡུས་རིམ་སྤོར་ཆེད་དོན་ཚན་ཁག་གིས་ས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་རིམ་སྤོར་ཆེད་དོན་ཚན་ཁག་དང་མངའ་རིས་ས་ཁུལ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་འབྲེལ་བྱས་ཏེ་སེང་གེ་ཁ་འབབ་ཀྱི་གྲོང་ཁུལ་གཙོ་བོའི་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་33དང་མཐུན་སྦྱོར་བྱས་ནས་སྤྱི་ཚོགས་ལ་རིན་མེད་ངང་རླངས་འཁོར་འཇོག་ས་མཁོ་འདོན་བྱས་པ་དང་རླངས་འཁོར་འཇོག་ས་2000ལྷག་ཙམ་བེད་སྤྱོད་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།