དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དྲུག་པའི་ཟླ་མཇུག་བར།

    གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་ཆན་ཝ་དུང་ཕྱུར་36.5ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-05

     རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་གློག་ཤུགས་བཟོ་ལས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བ་དྲུག་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་ཆན་ཝ་དུང་ཕྱུར་36.5ཟིན་ནས་དུས་མཚུངས་ལས་18.7%འཕར་ཡོད། དེའི་ནང་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་11.0ཟིན་པ་དེ་དུས་མཚུངས་ལས་54.2%འཕར་བ་དང་། རླུང་གློག་་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་5.7ཟིན་པ་དེ་དུས་མཚུངས་ལས་22.7%འཕར་ཡོད།

    འདི་ལོའི་ཟླ་བ་དང་པོ་ནས་དྲུག་པའི་བར། རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་29332གསར་འཕར་བྱུང་ཞིང་། དེའི་ནང་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་21221དང་། རླུང་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་5139 མེ་ཤུགས་གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་2578 ཆུ་ཤུགས་གློག་གཏོང་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་393བཅས་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།