ལོ་སྟོད་དུ་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་སྐྱེལ་འདྲེན་གྱི་འཁོར་རྒྱུག་བསྡོམས་འབོར་ཏུན་དུང་ཕྱུར་783.5དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་3.7 དངོས་ཟོག་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་478.4བཅས་ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་11.4%དང་། 6% 14.6%བཅས་སོ་སོར་འཕར་ནས་སྐྱེལ་འདྲེན་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་123དངོས་སུ་འཕར་བ་དང་རྒྱལ་སྤྱིའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་28.5%འཕར་ཡོད། རྒྱལ་ནང་དང་རྒྱལ་སྤྱིའི་དངོས་ཟོག་དང་སྦྲག་བསྐུར་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་8.9%དང་23.4%སོ་སོར་འཕར་བ། རྒྱལ་ཡོངས་ཀྱི་དུས་གཏན་གནམ་གྲུ་རྒྱུན་གཏན་ཐུབ་ཚད་91.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.3མཐོ་རུ་ཕྱིན་ནས་འཁོར་སྐྱོད་ལས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ། སྲོལ་རྒྱུན་གྱི་ཀུན་སྤྱོད་མཁའ་འགྲུལ་ཆུ་ཚོད་ཁྲི་57འཕུར་སྐྱོད་བྱས་པ་དང་རང་མིང་བཀོད་པའི་མི་མེད་གནམ་གྲུའི་བསྡོམས་འབོར་ཁྲི་272.6ལས་བརྒལ་ནས་བསྡོམས་ཆུ་ཚོད་ཁྲི་2447འཕུར་སྐྱོད་བྱས་པ་དེ་དུས་མཚུངས་ལས་149%འཕར་བ་བཅས་བྱུང་སྟེ། ཀུན་སྤྱོད་མཁའ་འགྲུལ་དང་དམའ་དབྱིངས་དཔལ་འབྱོར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།