དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དམངས་འཚོར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཙོའུ་ཞང་།   |     སྤེལ་དུས།  2025-08-05

    ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་དམངས་འཚོ་ནི་དོན་ལ་བབས་ས་གལ་ཆེན་དང་འགག་རྩའི་ཤུགས་རྒྱག་ས་ཞིག་རེད། “དམངས་འཚོའི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི”སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་མང་ཚོགས་ཀྱིས་དོ་ཁུར་བྱ་ཡུལ་གྱི་ཐབས་མང་མཉམ་སྤྱོད་ལ་དམིགས་དགོས་པ་མ་ཟད། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཐབས་ཤེས་ཀྱང་ཁོང་དུ་ཆུད་པར་བྱེད་དགོས།

    དམངས་འཚོར་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་རེད། “ཡོད་མེད”ནས“ཡག་པོ་ཡོད་མེད”བར་འཕེལ་རྒྱས་ཕྱིན་ཏེ་སྡོད་ཁང་ཡག་པོ་དང་། ཁུལ་ཆུང་ཡག་པོ། སྡེ་ཁུལ་ཡག་པོ། གྲོང་ཁུལ་ཡག་པོ་བཅས་སྐྲུན་པར་མ་འཇོག་བྱེད་རིན་ཧ་ཅང་ཆེན་པོ་ཡོད། “རྒས་དུས་འཚོ་རྟེན་ཡོད་པ”ནས“རྒས་དུས་སྐྱིད་སྣང་དོད་པའི”བར་འཕེལ་རྒྱས་ཕྱིན་ནས་སྐྲ་དཀར་དཔལ་འབྱོར་གྱིས་སྒོར་དུང་ཕྱུར་ཁྲི་རིམ་པའི་འཛད་སྤྱོད་ཁྲོམ་ར་དར་བར་སྐུལ་ཁྲིད་ཐུབ་ཡོད། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རིང་། འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་བཏང་ཚེ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་འགྲོ་ཐུབ་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཐུབ།

    མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་དང་འཚམ་པ་བྱེད་པར་འགག་རྩ་ནི“དངོས་པོར་མ་འཇོག”དང“མི་སྐྱོང་ལ་མ་འཇོག”ཟུང་འབྲེལ་དམ་ཟབ་བྱེད་དགོས། ཉེ་དུས་བུ་གསོའི་ཁ་གསབ་ལམ་ལུགས་བཏོན་པ་དང་རིམ་བཞིན་ལག་ལེན་བསྟར་བའི་རིན་མེད་སློབ་ཞུགས་གོང་གི་སློབ་གསོའི་བྱ་ཐབས་བཀོད་སྒྲིག་བྱས་པ་དེས་ཁྱིམ་ཚང་གི་བུ་གསོའི་མ་གནས་དམའ་རུ་འགྲོ་བར་རམ་འདེགས་ཐུབ་རྒྱུ་རེད། མ་དངུལ་གྱི་ཐོན་ཁུངས་དེ་བས་མང་བ“མི་སྐྱོང་མ་འཇོག”ལ་བཏང་ནས་དམངས་འཚོའི་དོན་དངོས་ཡག་པོ་དང་ཏན་ཏིག་བསྒྲུབས་ཚེ་དཔལ་འབྱོར་ཟམ་མི་ཆད་པར་འཕར་བར་སྒུལ་ཤུགས་སྣོན་རྒྱུ་རེད།

    འཕེལ་རྒྱས་དང་དམངས་འཚོའི་དབར་གྱི་རྩོད་སྒྲུབ་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ལེགས་ཀྱི་འཚོ་བ་གཉིས་ཀར་སྐུལ་འདེད་དང་དགེ་མཚན་ལྡན་པའི་མཉམ་འགུལ་ཡག་པོ་ཐུབ་ནས། ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ནུས་ཆེ་རུ་དང་མདུན་ལམ་ཡངས་སུ་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།