རྨ་ཆུའི་འབབ་རྒྱུད་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་ཟླ་བ་17བསྟུད་མར་འཕར་བ།
ཆིང་ཏའོ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། ལོ་སྟོད་དུ་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་9ཡི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.12ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། རྒྱལ་ཡོངས་ཀྱི་རིན་ཐང་བསྡོམས་འབོར་གྱི་14.3%བཟུང་བ་དེ་དུས་མཚུངས་ལས་8.2%འཕར་བ། ཟླ་བ་17བསྟུད་མར་འཕར་བ་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་5.3མཐོ་བ་ཡོད། རྨ་ཆུའི་འབབ་རྒྱུད་དེ་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའི་གྲས་ཤིག་ཏུ་འགྱུར་བཞིན་ཡོད་པ་རེད།
འབབ་རྒྱུད་ནང་མཚོ་སྔོན་དང་། ཀན་སུའུ། ཧོ་ནན་བཅས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་འཕར་ཚད་ཅུང་མགྱོགས་པོ་ཡོད་པ་དང་ཚང་མ་གྲངས་གནས་གཉིས་འཕར་ཡོད་པ་རེད།
ཁྲོམ་ར་སྣ་མང་ཅན་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ལོ་སྟོད་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་7%འཕར་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་གྲངས་འབོར་གཙོ་བོ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། འབབ་རྒྱུད་ནང་ཕྱིར་གཏོང་ནང་འདྲེན་གྱི་དངོས་སུ་གྲུབ་འབྲས་ཐོབ་པའི་ཁེ་ལས་ཁྲི་9.6ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཁག་7206མང་དུ་ཕྱིན་ཡོད། ལེགས་ལྡན་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་། ལག་ཐོགས་ཁ་པར་དང་། ཞིང་ཞོར་ཐོན་རྫས། གྲུ་གཟིངས། དོས་སྒམ་སོགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཅུང་འཕར་མགྱོགས་སུ་ཕྱིན་ཡོད། ཚན་རྩལ་གསར་གཏོད་ལས་རིགས་ཀྱི་ནང་འདྲེན་དགོས་མཁོ་ཆེ་རུ་ཕྱིན་ནས་རྨ་ཆུའི་འབབ་རྒྱུད་ཀྱི་འཕྲུལ་གློག་ཐོན་རྫས་ནང་འདྲེན་གྱི་རིན་ཐང་7.9%འཕར་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།