དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཧྲང་ཧའེ་ཡི་ཉིན་མོའི”བྱེད་སྒོ་ཉིའུ་གཡོད་ལིན་ཁེན་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་སུ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-05

    ཉེ་ཆར། ཀྲུང་གོའི་ཧྲང་ཧའེ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ལྟེ་གནས་དང་ལིན་ཁེན་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“གྲོང་ཁྱེར་གྱི་དབྱར་དུས་སྒྱུ་རྩལ་དུས་ཆེན། ཧྲང་ཧའེ་ཡི་ཉིན་མོ”ཞེས་པར་ཨ་རིའི་ཉིའུ་གཡོད་དུ་ལན་ཆ་ཆེན་པོ་བྱུང་ཡོད། ཕྱི་དྲོ་ནས་མཚན་གུང་བར་ལིན་ཁེན་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་ཀྱི་བར་སྟོང་མང་པོར་འཁྲབ་སྟོན་བྱེད་སྒོ་དང་མཉམ་འགུལ་ཉམས་ལེན་ཐེངས་10ལྷག་ཙམ་དུས་མཚུངས་སུ་བྱས་པ་དང་ས་གནས་ས་ཐོག་ཏུ་ལྟད་མོ་བ་མི་ཐེངས་ཁྲི་2སླེབས་ཡོད་པ་རེད།

    ལིན་ཁེན་འཁྲབ་སྟོན་སྒྱུ་རྩལ་ལྟེ་གནས་ཀྱི་ཏ་ཝུའེ·ཁོའུ་ཁེ་ཟློས་གར་ཁང་དུ་ཧྲང་ཧའེ་ཟློས་གར་ཁང་ཆེན་པོའི་གསར་རྩོམ་ཞབས་བྲོ《སྦྲུལ་དཀར》ཞེས་པ་ཕྱི་རྒྱལ་དུ་ཐོག་མར་འཁྲབ་པ་རེད། པ་ལེ་ཞབས་བྲོའི་ཉམས་འགྱུར་དང་། སྲོལ་རྒྱུན་གྱི་ཕུ་ཐུང་དཀར་པོ་འཛར་བའི་ཉམས་འགྱུར། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཆར་ཟིམ་སྙན་ངག་གར་སྟེགས་ཀྱི་མཛེས་རྩལ་ཇུས་འགོད་བཅས་གར་སྟེགས་ཐོག་རེ་རེ་བཞིན་མངོན་པར་བྱས་ཡོད། ཉིའུ་གཡོད་ཀྱི་ལྟད་མོ་བ་པོན·པ་ལི་ཨའོ་སི་ཡིས“ཀྲུང་གོའི་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་ཐུབ་བྱུང”ཞེས་མྱོང་ཚོར་ཟབ་མོས་བཤད།

    ཕ་བུའི་འཁྲབ་ཁོངས་ནང་ཧྲང་ཧའེ་མི་རིགས་རོལ་དབྱངས་ཚོགས་པས《རང་རྒྱལ་གྱི་སྲོལ་རྒྱུན་རོལ་མོའི་ཁྲོད་ཀྱི་ལོ་རྟགས་བཅུ་གཉིས》ཞེས་པ་རྒྱ་གླིང་དང་པི་ཝང་སོགས་ཀྱིས་དཀྲོལ་ཡོད། རོལ་དབྱངས་འདུ་ཚོགས་མཇུག་འགྲིལ་རྗེས། བྱིས་པ་ཚོས་གར་སྟེགས་བསྐོར་ནས་ཡུན་རིང་ཁ་བྲལ་འདོད་བྱེད་ཀྱི་མེད།

    ཉིའུ་གཡོད་ནས་ཡོང་བའི་དར་སྲོལ་ཆེ་བའི་པོད་བདག་ཆུང་སིས་ས་གནས་ས་ཐོག་ཏུ་དྲ་རྒྱ་བརྒྱུད་གྲོགས་པོ་ཚོར་རང་ཉིད་ལ་རག་པའི་ཤོག་དྲས་འདྲ་གཟུགས་མཉམ་སྤྱོད་བྱས་པ་སྟེ། “ལྟོས་དང་། འདི་ནི་ཀྲུང་གོ་ནས་ཡོང་བའི་ཤོག་དྲས་སྒྱུ་རྩལ་མཁས་ཅན་གྱིས་ངར་སྤྲད་པའི་བརྩམས་ཆོས་རེད”ཅེས་བཤད།

    ཀྲི་ཅ་ཀོ་ནས་ཡོང་བའི་མཉེན་ཆས་བཟོ་སྐྲུན་པ་མཱ་ཁེས་རྒྱབ་ངོས་ཀྱི་བང་རིང་པོ་བསྒྲིགས་པའི་མི་ཚོགས་ལ་མཛུབ་མོ་བཙུགས་ཏེ“རིག་གནས་ཀྱི་གསོན་ཤུགས་དེ་ལྟ་བུས་མི་རྣམས་ཀྱིས་ཧྲང་ཧའེ་གྲོང་ཁྱེར་ལ་ཡིད་སྨོན་ཆེན་པོ་བྱེད་དུ་འཇུག་གི་ཡོད། དུས་སང་ང་ཀྲུང་གོར་ཡུལ་སྐོར་དུ་འགྲོ་རྩིས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།