ཕེ་རུའི་ཙུང་ཐུང་གིས་བརྗོད་དོན།
ཕེ་རུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཞི་ཁོ་ནས་གློག་འཕྲིན་འབྱོར་གསལ། ལི་མའི་ཆ་འཕྲིན་ལས་མངོན་པར། ཉེ་ཆར། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐེས་རྒྱལ་ཡོངས་ཀྱི་གསུང་བཤད་གནང་སྐབས། ཉེ་བའི་ལོ་ཤས་རིང་ཕེ་རུས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་གཙོ་གནད་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཟླ་7ཚེས་28ཉིན་ནི་ཕེ་རུར་རང་བཙན་ཐོབ་ནས་ལོ་204འཁོར་བའི་དྲན་གསོའི་ཉིན་མོ་རེད། པོ་ལུའུ་ཨར་ཐེས་རྒྱལ་ཚོགས་སུ་རྒྱལ་ཡོངས་ཀྱི་གསུང་བཤད་གནང་སྐབས་ཕེ་རུ་དང་ཀྲུང་གོའི་འབྲེལ་བ་དམིགས་སུ་བཀར་ནས་གླེང་ཞིང་། ཕེ་རུས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་2024ལོ་ནས་2029ལོ་བར་གྱི་ཐུན་མོང་གི་བྱ་སྤྱོད་འཆར་གཞིའི》ནང་གཏན་འཁེལ་བྱས་པའི་དམིགས་ཚད་ཁག་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཆན་ཁའེ་གྲུ་ཁ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་མེ་གླིང་ལྷོ་མའི་ཞི་བདེ་རྒྱ་མཚོ་ཆེ་མོའི་ངོགས་ཀྱི་ཟོག་འགྲེམས་དང་། བཟོ་ལས། ཚན་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་ལྟེ་གནས་གསར་པ་ཞིག་ཏུ་རིམ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ཅེས་གསུངས་པ་རེད།
ཆན་ཁའེ་གྲུ་ཁ་ནི་ཕེ་རུའི་རྒྱལ་ས་ལི་མའི་བྱང་ཕྱོགས་ཀྱི་སྤྱི་ལེ་80ཡི་སར་གནས་པ་དང་ཀྲུང་ཕེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཤིག་རེད། 2024ལོའི་ཟླ་བ་11པར་གྲུ་ཁའི་སྒོ་དངོས་སུ་ཕྱེ་བ་རེད།
འབྲེལ་ཡོད་གསར་འགྱུར།