མཚོ་སྔོན་གྱིས།
རིམ་པ་མང་བའི་སྨན་བཅོས་འགན་བཅོལ་མ་ལག་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱས་པ།
ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་གྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ལས་དོན་སྐུལ་འདེད(བརྙན་ལམ)ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་མ་ལག་གིས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་དང་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་བྱས་པར་བརྟེན། གཞི་རྩའི་དམངས་འཚོའི་མཐའ་ཚད་བརྟན་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་བཏོན་ཡོད།
མཚོ་སྔོན་གྱིས“1+3+N”ཡི་རིམ་པ་མང་བའི་སྨན་བཅོས་འགན་བཅོལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་འགན་སྲུང་ཁྱབ་ཁོངས་ནང་བཅུག་པ་མ་ཟད། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་འགན་སྲུང་གསུམ་དང་དེ་བཞིན་ཚོང་ལས་བདེ་ཐང་འགན་བཅོལ་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་སྨན་རིན་གྱི་ཁུར་པོ་རིམ་གྱིས་ཡང་དུ་བཏང་ཡོད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་གྲོང་མིའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱེད་པའི་རྨང་གཞིའི་ཐོག་ནོར་སྲིད་སྡེ་ཚན་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་ཧུར་ཐག་བརྒྱབ་ནས། ལས་བཟོའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ཡོད། རྒྱལ་ཡོངས་ཀྱི་སྔོན་ལ“གཱ་གཅིག་ཞིང་ཆེན་ཡོངས་སུ་སྤྱོད་ཐུབ་པ་དང་ཞིང་ཆེན་ནང་དུ་ས་ཆའི་དབྱེ་བ་མེད་པའི”བྱེད་ཐབས་ལག་བསྟར་བྱས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་རྫོང་དང་། ཆུས། གྲོང་ཁྱེར་དང་ཀྲོའུ་བཅས་གཞན་དུ་ནད་ལྟ་བར་སྟབས་བདེ་བསྐྲུན་ཡོད།
འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་དེ་དམངས་འཚོའི་མཐའ་ཚད་བརྟན་དུ་གཏོང་བ་དང་། ནད་ཀྱི་རྐྱེན་པས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་གྱུར་བ་སྔོན་འགོག་བྱེད་པའི་འགག་རྩའི་བྱེད་ཐབས་དང་ཆེད་དོན་བཅོས་སྒྲིག་གི་གཙོ་རྒོལ་ཁ་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། སྨན་བཅོས་རོགས་སྐྱོབ་ལ་བརྟེན་ནས་མི་སྒེར་གྱིས་འཇལ་རྒྱུའི་གྲོན་དངུལ་ཐད་རིགས་དབྱེ་རོགས་སྐྱོར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་སྟབས་བསྟུན་ངང་འགན་བཅོལ་ནང་ཞུགས་ཐུབ་པ་བྱས་ཡོད། ཟླ་7ཚེས་28ཉིན་བར། 2025ལོར་མཚོ་སྔོན་ཞིང་ཆེན་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཁྲི་542.29ཟིན་ནས་འགན་བཅོལ་ནང་ཞུགས་པའི་ལས་འགན་99.7%ལེགས་གྲུབ་བྱུང་སྟེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།
དམིགས་བསལ་ཚབས་ཆེའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས་ཀྱི་ཕྱོགས་བསྡུས་འགན་སྲུང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། བརྟན་ཐོག་སྦྲེལ་མཐུད་ལས་དོན་ལེགས་པར་བསྒྲུབས་པས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་མི་སྣ་འགན་བཅོལ་ནང་ཞུགས་ཚད་100%དང་ཐོབ་ཐང་ལོངས་སྤྱོད་ཐུབ་ཚད་100%ཟིན་ཡོད། ད་ལོའི་ཟླ་6པའི་བར། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ཁྲི་50.09ཡིས་འགན་བཅོལ་ནང་ཞུགས་པའི་མ་དངུལ་སྒོར་དུང་ཕྱུར་1.05འཇལ་ཡོད། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ། དབུལ་པོ་བསྐྱར་ལོག་དང་དབུལ་པོར་གྱུར་སླ་བའི་མི་སྣ་བཅས་སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུ་བྱས་པའི་བསྡུར་ཚད་80%ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས། གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ཁྲི་12.25ལ་ཕན་པ་ཐོབ་སྟེ་ནད་ཀྱི་རྐྱེན་པས་དབུལ་པོ་བསྐྱར་ལོག་དང་དབུལ་པོར་གྱུར་བའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།
ཚན་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྨན་བཅོས་འགན་བཅོལ་ཆ་འཕྲིན་མ་ལག་གི་ཁྱབ་ཁོངས་ཧྲིལ་པོ་དང་ནུས་པ་ཚང་མ་རྒྱལ་ཡོངས་སུ་དྲ་ཐོག་ཏུ་ཐོག་མར་བཏོན་པའི་རྨང་གཞིའི་ཐོག “རིག་ལྡན་སྨན་བཅོས་འགན་བཅོལ”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་མ་ཟད། སྨན་བཅོས་འགན་བཅོལ་ཨང་རྟགས་དང་། སྒུལ་བདེའི་གཏོང་སྤྲོད། གློག་རྡུལ་སྨན་ཐོ་བཅས་ཕྱོགས་ཡོངས་ནས་བེད་སྤྱོད་བྱས་པ་དང་སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ནས་བསྒྲུབས་ཚད་95%ཡན་ཟིན་ཡོད། སྨན་བཅོས་འགན་བཅོལ་གྱི་དྲ་ཕྱིའི་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་ཤང་དང་གྲོང་རྡལ་དང་། གྲོང་ཚོ། སྡེ་ཁུལ་བཅས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་། འཕྲོད་བསྟེན་ཁང་དང་དངུལ་ཁང་གི་དྲ་ཚིགས། ཚོང་ལས་འགན་བཅོལ་སྒྲིག་གཞི། སྨན་ཁང་གི་སྨན་འཚོང་ས་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གྱི“སྒྲུབ་གཉེར་གནས”ཚན་རིག་དང་མཐུན་པའི་སྒོ་ནས་བཙུགས་ཏེ། སྐར་མ་15ཡི་ནང་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཞབས་ཞུ་བསྒྲུབས་ཡོད། གཙོ་བོ་ཞབས་ཞུའི་དོན་ཚན་རིགས་15ལ་དམིགས་ནས“ལས་ཕྱོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”བྱེད་ཐབས་ལག་བསྟར་བྱས་པ་དང་ཕྲུ་གུ་དམར་འབྱར་འགན་བཅོལ་ནང་ཞུགས་པ་དང་རྒན་ཡོལ་གྱི་བྱ་བ་མཉམ་སྒྲུབ་སོགས་སྲིད་དོན་ཞབས་ཞུའི་བྱ་བ་ཐེངས་གཅིག་ལ་བསྒྲུབས་པར་བརྟེན། བུ་བཙའི་ཁ་གསབ་དངུལ་ཞིབ་བཤེར་དང་གཏོང་སྤྲོད་ཀྱི་དུས་ཡུན་ཐུང་དུ་ཕྱིན་པ་དང་འབྲེལ་ཐད་ཀར་མི་སྒེར་ལ་སྤྲོད་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།