དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་སུའུ་ཐེ་བོ་རྫོང་གིས་མང་ཚོགས་ཀྱི་དམིགས་བསལ་ལུས་རྩལ་བྱེད་སྒོ་འཕེལ་རྒྱས་བཏང་བ།

    ས་མཐོའི་གྱད་མི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  སུང་ཁྲའོ་ཅུན།   |     སྤེལ་དུས།  2025-08-05

    རྐྱལ་པའི་ནང་བྱེ་མ་བྱུར་བུར་བླུགས་ནས་མཛུབ་མོ་གཉིས་ལས་སྦོམ་པའི་སོ་ཐག་གིས་དམ་པོར་བསྡམས་རྗེས་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར་ལ་མཁོ་བའི་ལུས་རྩལ་ཡོ་བྱད་ཅིག་གྲུབ་ཡོད།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་གི་ལུས་རྩལ་ཐང་ཞིག་གི་ཕྱི་རོལ་དུ་གཟུགས་སྟོབས་ཆེ་བའི་སྐྱེས་པ་ཁ་ཤས་ཀྱིས་རྐང་པ་བརྟན་པོར་བཙུགས་ཏེ་བྱེ་དོང་འགྲམ་གྱི་རྐྱལ་པ་ཕྲག་སྟེང་དུ་དལ་བུར་བཀྱགས་རྗེས་ཤུགས་དང་བསྟུན་ནས་རྒྱབ་ཕྱོགས་སུ་དབྱུགས་པས། མཐའ་འཁོར་གྱི་ལྟད་མོ་བས་དགའ་འབོད་ཡང་ཡང་བྱེད། འདི་ནི་ཐེ་བོ་རྫོང་གིས་གཉེར་བའི་ཨ་མདོ་ས་ཁུལ་གྱི་ལ་གཟར་འགག་རྟགས་མའི་གྱད་པ(ཨ་མདོའི་གྱད་མི)གདན་ཞུ་འགྲན་ཚོགས་སྐབས་དྲུག་པའི་འགྲན་བསྡུར་བྱ་ཡུལ་རེད། ལྟད་མོ་བའི་ཁྲོད་ནས་ལོ་42ལ་སླེབས་པའི་བཙན་པ་གྲོང་ཚོའི་ཡུལ་མི་སྒྲོལ་མ་སྐྱབས་ཀྱིས“གྱད་པ་ནི་ཤུགས་ཧ་ཅང་ཆེ་བའི་དོན་ཡིན། ང་ཚོ་ཆུང་དུས་ནས་གྱད་པ་འགྲན་བསྡུར་ལ་ཞུགས་ཀྱི་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས།

    བཙན་པ་གྲོང་ཚོ་ནི་ས་བབ་སྨི་3100ལྷག་ཙམ་ཟིན་པའི་ས་མཐོར་གནས་ཤིང་། འདི་གར་ནགས་ཚལ་རྒྱ་ཆེ་ལ་ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་བཙན་འགག་མང་པོ་ཡོད། ས་གནས་དེ་གའི་མིས་སྟོབས་ཤུགས་ལ་བརྩི་མཐོང་བྱེད་པ་དང་། སྟོབས་ཤུགས་རྣམ་པའི་ལུས་རྩལ་ལ་དགའ་པོ་བྱེད་ཀྱི་ཡོད་པས། རྐྱལ་པ་ཕྲག་འགྱོག་དང་། གཉའ་ཐག་འཐེན་པ། རྡོ་འགྱོག་པ་སོགས་ནུས་ཤུགས་ཆེན་པོ་དགོས་པའི་གྱད་པ་འགྲན་བསྡུར་རིམ་བཞིན་ཆགས་ཡོད།

    ལོ་རེའི་དཔྱིད་དུས་དང་དབྱར་དུས་སུ་བཙན་པ་གྲོང་ཚོའི་ཡུལ་མི་ཚང་མ་གྲོང་ཚོའི་རྒྱབ་ཀྱི་རྩྭ་རར་ཡོང་སྟེ་ཕྱོགས་གཅིག་ནས་རི་ཁུལ་དུ་སྤྲོ་གསེང་གཏོང་བ་དང་ཕྱོགས་གཞན་ཞིག་ནས་གྱད་པ་འགྲན་བསྡུར་གཉེར་གྱི་ཡོད། “གྲོང་ཚོའི་ཕོ་མོ་རྒན་གཞོན་ཚང་མ་འགྲན་བསྡུར་ལ་ཧུར་ཐག་ཞུགས་ཀྱི་ཡོད”ཅེས་སྒྲོལ་མ་སྐྱབས་ཀྱིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འདི་ནི་སྤྲོ་གསེང་དང་ངལ་གསོ་རྒྱག་པའི་དུས་ཚོད་ཡག་ཤོས་ཡིན་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་བྱེད་པའི་གོ་སྐབས་ཡག་པོ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་ཡག་པོ་ཞིག་ཀྱང་རེད། “གྱད་པ་འགྲན་བསྡུར་གྱི་བྱ་དགར་བཏུང་བྱ་སྒམ་ཁ་ཤས་ལས་མེད་ཀྱང་ཡུལ་མི་ཚོའི་སྤྲོ་སེམས་ཧ་ཅང་ཆེན་པོ་ཡོད། མི་ལ་ལས་ཐེངས་གཅིག་ལ་འགྲན་བསྡུར་རྣམ་གྲངས་ཁ་ཤས་ནང་ཞུགས་ཀྱི་ཡོད”ཅེས་བརྗོད།

    ཡུལ་སྐོར་བ་མང་པོ་གྲོང་ཚོར་སྤྲོ་གསེང་དུ་ཡོང་སྐབས་གྱད་པ་འགྲན་བསྡུར་ལ་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ད་དུང་རྐྱལ་པ་ཕྲག་འགྱོག་སོགས་ཀྱི་འགྲན་བསྡུར་ལ་ཞུགས་ཀྱི་ཡོད། “ཡུལ་སྐོར་པ་ཁ་ཤས་རྟག་ཏུ་ལུས་སྦྱོང་བྱེད་ཀྱི་ཡོད་པས་བཀྱག་ཐེངས་གཅིག་ལ་རྐྱལ་པ་ཁ་ཤས་བཏེགས་ཐུབ་ཀྱི་འདུག འགྲན་བསྡུར་ཚར་རྗེས་ང་ཚོ་ད་དུང་ཤུགས་རྒྱག་སྟངས་སྐོར་ལ་གླེང་མོལ་བྱེད་ཀྱི་ཡོད”ཅེས་སྒྲོལ་མ་སྐྱབས་ཀྱིས་བརྗོད་པ་དང་། ཁོང་གིས་གྱད་པ་འགྲན་བསྡུར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གས་སྤེལ་རེས་ལས་སྟེགས་དེ་བས་ཡག་པོ་མཁོ་འདོན་བྱས་ཡོད། 2015ལོ་ནས་བཟུང་ཐེ་བོ་རྫོང་གིས་གྱད་པ་གདན་ཞུའི་འགྲན་བསྡུར་གཙོ་གཉེར་བྱེད་འགོ་ཚུགས་པ་དང་། ད་བར་སྐབས་6བདེ་བླག་ངང་གཉེར་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཐེ་བོ་རྫོང་གིས་གྱད་མི་ལུས་རྩལ་མཐུན་ཚོགས་བཙུགས་ནས་གཞི་རིམ་ལ་འབྲེལ་ཡོད་བྱེད་སྒོ་སྤེལ་བར་ཁྲིད་སྟོན་བྱས་ཤིང་། གྲོང་ཚོ་རིམ་པའི་ལུས་རྩལ་ལུས་སྦྱོང་ཐང་40ཙམ་གསར་དུ་བསྐྲུན་ཏེ་སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་བྱེད་སྒོའི་ནང་གྱད་པ་འགྲན་བསྡུར་དེ་བཅུག་པར་སྐུལ་ལྕག་བྱས་ཡོད། མིག་སྔར། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གཙོ་བོ་8ཀྱིས་སློབ་མའི་ལོ་ཚད་ལ་གཞིགས་ནས་ལུས་རྩལ་འགྲན་ཚོགས་སམ་ཡང་ན་སློབ་གསེང་བྱེད་སྒོའི་ནང་གྱད་པ་འགྲན་བསྡུར་བཅུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།