དབྱར་གསེང་སྐྱེལ་འདྲེན་གྱི་ཟླ་དེ་རང་ལ་བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་83.5སྐྱེལ་འདྲེན་བྱས་པ།
2025 ལོའི་ཟླ་7པར། དབྱར་གསེང་གི་སྐྱེལ་འདྲེན་འགོ་ཚུགས་པ་རེད། གསར་འགོད་པར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ནས་ཤེས་རྟོཌ་བྱུང་བར། ཟླ་7པར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དུས་གཏན་གནམ་གྲུ་ཐེངས་7090ཡི་འཕུར་སྐྱོད་བདེ་འཇགས་འགན་ལེན་དང་། འགྲུལ་པ་མི་ཐེངས་ཁྲི་83.5སྐྱེལ་འདྲེན། བསྐུར་མ་ཏུན་5435.2སྐྱེལ་འདྲེན་བཅས་བྱས་པ་དེ་དུས་མཚུངས་ལས་5.4%དང་། 0.5% 9.8%བཅས་སོ་སོར་འཕར་ཡོད། ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་ཐེངས་200ཡན་འཕུར་སྐྱོད་བདེ་བླག་བྱུང་བས། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ལ“བརྟན་ལ་གོ་རིམ་ལྡན་པ་དང་། སྤུས་འབོར་གཉིས་འཕར” གྱི་རྣམ་པ་བཟང་པོ་མངོན་ཡོད།
དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་གནམ་གྲུར་སྡོད་ཐེངས་དང་པོ་ཡིན་པའི་འགྲུལ་པ་དང་དམིགས་བསལ་འགྲུལ་པའི་ཞབས་ཞུའི་བརྒྱུད་རིམ་མུ་མཐུད་ལེགས་སུ་བཏང་ཞིང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་འབབ་ཚུགས་སུ་སྐོར་སྐྱོད་ཀྱི“འགྲུལ་པའི་ཁྲིད་སྟོན་པ”དང་། དྲ་ཐོག་གི“རྡོག་ཁྲེས་གསབ་སྤྲོད”མ་ལག་མང་དུ་བཏང་ནས། འགྲུལ་པའི་ཕྱིར་སྐྱོད་ཉམས་ལེན་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བ་རེད། དབྱར་གསེང་རིང་མི་རྒན་པའི་འགྲོ་རོགས་མེད་པའི་ཕྲུ་གུ་ཕྱིར་སྐྱོད་མང་བར་དམིགས་ཏེ། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ལོ་5ནས་12བར་གྱི་མི་རྒན་པའི་འགྲོ་རོགས་མེད་པའི་ཕྲུ་གུར་མཁའ་ལམ་ཡོངས་ལ་ཁྱབ་པའི“གཅིག་འཐུས་རྣམ་པའི”དམིགས་བསལ་ཞབས་འདེགས་ཞུས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།