ར་ནག་པོ་ཕྱུག་འགྱུར་ནོར་བུར་གྱུར་པ།
འདི་ནི་དཔལ་འབར་རྫོང་གི་ར་ནག་པོའི་གསོ་ཚགས་རྟེན་གཞི་ཡིན་པ།
ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་འཁྱགས་རོམ་གྱི་ཆུ་བོ་དལ་གྱིས་རྒྱུག་པ་དང་། སྨན་རྩྭ་ཕུན་སུམ་ཚོགས་པོ་ཡོད་པས། ར་ནག་པོ་གསོ་ཚགས་བྱེད་པར་ཧ་ཅང་འཚམ་པོ་ཡོད། ར་ནག་པོའི་ཐོན་ལས་སྟོབས་ཆེར་གཏོང་ཆེད། དཔལ་འབར་རྫོང་གིས་2016ལོ་ནས་བཟུང་རིམ་རྩིས་བརྒྱབ་ན། མ་དངུལ་སྒོར་ཁྲི་1196བཏང་ནས་ར་ནག་པོའི་གསོ་ཚགས་རྟེན་གཞི་བསྐྲུན་ཞིང་། མིག་སྔར་རྟེན་གཞིར་ལག་ཡོད་རྒྱུད་བཟང་ར་ཐུག་མགོ་གྲངས་6200ཡོད། ཉེ་འགྲམ་གྱི་ཕུ་ཡུལ་མདོག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་ལེགས་ཆར་བརྟེན་ནས་བཟའ་བཏུང་ལས་རིགས་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ལ་ཡོང་འབབ་འཕར་བར་བྱེད་པའི་ཐད་ར་ནག་པོའི་ཐོན་ལས་དེ་གྲོང་གསེབ་དར་རྒྱས་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།