རིག་གནས་ཡུལ་སྐོར་མཚོ་སྐྱོར་ལས་མཚོ་སྔོན་གྱི་འཕེལ་རྒྱས་ལམ་བུ་ཡངས་སུ་ཕྱིན་པ།
“རིག་གནས་སྦྲང་ཆར་ཟིལ་མས་མཚོ་སྔོན་བརླན། ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་མཚོ་སྔོན་དར” མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་མཉམ་ལས་ལམ་སྲོལ་གང་ལེགས་སྤྱད་དེ། མཚོ་སྐྱོར་བཀོད་འདོམས་པུའུ་ཁག་དང་དེ་བཞིན་ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་དབར་མཉམ་ལས་གཏིང་ཟབ་བྱས་ཤིང་། རིག་གནས་ཡུལ་སྐོར་གྱི་ཐོན་ལས་གསར་སྤེལ་དང་། དྲིལ་བསྒྲགས་ཁྱབ་གདལ། འགྲུལ་པ་སྐྱེལ་རེས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། རིག་གནས་ཡུལ་སྐོར་གྱི་སྤེལ་རེས་མཉམ་ལས་སྤུས་ཚད་མཐོ་བ་དང་། རིམ་པ་ཟབ་པ། སྣ་མང་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་མ་ཟད། “ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན་པའི”འཐབ་ཇུས་ལག་བསྟར་གྱིས་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་གཙོ་གནད་འགྲུལ་ཁུངས་ཁུལ་གྱི་ཁྲོམ་ར་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་ཐེངས་མང་གཉེར་བ་དང་། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་གཉེར་བའི་འགྲེམས་ཚོགས་དང་། གླེང་སྟེགས། དུས་ཆེན་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོར་ཧུར་ཐག་ཞུགས་པ། ཁ་གཏད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་པ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་བྱེད་སྒོར་གདན་འདྲེན་ཞུས་ཏེ“འགྲུལ་པ་སྐྱེལ་རེས་དང་ཁྲོམ་ར་རྒྱ་སྐྱེད”ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ནས་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་དང་ཁྱབ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་བཏང་བ་རེད།
སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ།
ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བ།
མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཕྱོགས་ཡོངས་ནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་དང་མཉམ་སྒྲུབ་ལ་སྐུལ་འདེད་བཏང་ཞིང་། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་2023ལོའི“མཛེས་པའི་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར། རྒྱལ་ཡོངས་མི་དམངས་མཚོ་སྔོན་དུ་ཡུལ་སྐོར་ལ་ཕེབས་པར་དགའ་བསུ་ཞུ”དང“རྨ་ཆུའི་ཆུ་འགོར་སྐྱོད། མཛེས་པའི་མཚོ་སྔོན་མྱུལ”སོགས་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོར་གདན་འདྲེན་ཞུས་པ་བརྒྱུད། ས་ཁོངས་བརྒལ་བའི་འབྲེལ་ཟམ་བཙུགས་ནས་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་དང་། ཐོན་ཁུངས་བརྗེ་རེས་དང་ལེགས་ཆ་གསབ་རེས་སོགས་ཀྱི་མཉམ་ལས་ལམ་སྲོལ་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་རིག་གནས་ཡུལ་སྐོར་གྱི་རོགས་སྐྱོར་མཉམ་ལས་ཀྱི་ཕན་ནུས་ཆེ་རུ་ཏན་ཏིག་བཏང་བ་རེད།
2024ལོའི་ཟླ་5པར། པིན་ཧའེ་རིག་གནས་ལྟེ་གནས་སུ“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན། དྲིན་ཚོར་མདུན་སྐྱོད—ལག་གདང་སྦྲེལ་ནས་ཅིན་མོན་ཀུའུ་ལིར་ལྷན་དུ་འཛོམས”ཞེས་པའི་རིག་གནས་ཡུལ་སྐོར་ཆེད་དོན་འོས་སྦྱོར་འདུ་ཚོགས་གཉེར་ཞིང་། ཐེན་ཅིན་དང་མཚོ་སྔོན་ས་གནས་གཉིས་ཀྱིས་མཚོ་སྔོན་དུ་ཡུལ་སྐོར་བ་བཀུག་པ་དང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་འདྲེན་པ་སོགས་ཀྱི་རིགས་8ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་24ལ་གཞིགས་ཏེ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ“ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས”ཀྱི་གཉིས་ཕན་འཕེལ་རྒྱས་མ་ལག་བཙུགས་པ་རེད།
སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་དངོས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཞིང་ཆེན་བརྒལ་བའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཞིང་ཆེན་བརྒལ་བའི་མཉམ་འགུལ་དང་རིག་གནས་མཉམ་སྤྱོད་མངོན་འགྱུར་བྱུང་ཞིང་། 2023ལོའི་ཟླ་6པ་ནས་ཟླ་10པའི་བར། མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་ནན་ཅིང་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་དེ་བཞིན་ནན་ཅིང་རྟེན་མཛོད་ཁང་དང་མཉམ་དུ《ཝུན་མོ་ཝུའུ་ལུའེ-ཡུང་ལིའི་འཛམ་གླིང་ཤུལ་བཞག》ཅེས་པའི་འགྲེམས་སྟོན་གཉེར་བ་དང་། མཚོ་སྔོན་གྱི་རིམ་པ་དང་པོའི་རིག་དངོས་5འགྲེམས་ཚོགས་སུ་ཞུགས་པས། རྟེན་མཛོད་ཁང་དབར་མཉམ་སྒྲུབ་ཟབ་མོ་བྱུང་སྟེ་གྲོང་ཁྱེར་དབར་གྱི་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་ཐེབས་ཡོད།
སྤུས་རྟགས་ཁྱབ་གདལ་ལ་དམིགས་ཏེ།
རིག་གནས་ཡུལ་སྐོར་གྱི་ཁྱད་ལྡན་མཚོན་རྟགས་བཏོད་པ།
2024ལོའི་ཟླ་4ཚེས་23ཉིན། ནན་ཅིང་ལི་ཀྲི་ཟློས་གར་ཁང་ཆེན་དུ“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན། དྲིན་ཚོར་མདུན་སྐྱོད། ཆུ་གྲོང་ཅང་སུའུ་རུ་ཕེབས་པར་དགའ་བསུ་ཞུ། མཛེས་པའི་མཚོ་སྔོན་དུ་ལྷན་དུ་འཛོམས”ཞེས་པའི་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འོས་སྦྱོར་འདུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་གཉེར་བ་རེད།
འོས་སྦྱོར་འདུ་ཚོགས་ཐོག《རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན》ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞིའི་བརྙན་རིས་རེ་རེ་བཞིན་བསྟན་པས་ལྟད་མོ་བར་རི་བོ་དང་ཆུ་ཀླུང་སྟོང་ཕྲག་གི་བརྗིད་ཉམས་དང་འཇོ་སྒེག་ལ་མྱོང་རོལ་ཐུབ་ཡོད་པ་དང་། མཚོ་སྔོན་གྱི་ལྟ་ན་སྡུག་པའི་ཡུལ་ལུང་ལ་ཡིད་སྨོན་དབང་མེད་དུ་ཤོར་བ་རེད།
ས་ཡུལ་དངོས་ཀྱི་ལྟས་མོ་བ་སྟོང་ཕྲག་ཙམ་གྱི་དཔང་པོའི་འོག་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་རྣམ་གྲངས་ལ་མཉམ་དུ་གན་རྒྱ་བཞག་ཅིང་། ད་རེས་རིག་གནས་ཡུལ་སྐོར་གྱི་གཙོ་གནད་རྣམ་གྲངས་དང་། ཡུལ་སྐོར་བ་མཚོ་སྔོན་དུ་བཀུག་པ། ཞིང་འབྲོག ཚན་རྩལ་སློབ་གསོ། རིག་དངོས་སྲུང་སྐྱོང་སོགས་ཁྱོན་རིགས་10ལྷག་ཙམ་གྱི་རྣམ་གྲངས་21དང་འབྲེལ་བ་ཡོད་པ་རེད།
ད་རེས་གན་རྒྱ་བཞག་ནས་མཚོ་སྔོན་དང་ཅང་སུའུ་ཡི་ཐོན་ལས་མཉམ་འདྲེས་དང་འབྲེལ་མཐུད་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ“ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། ཕན་ཚུན་སྐུལ་འདེད། ཐུན་མོང་ཡར་རྒྱས”བཅས་ཀྱི་མཉམ་ལས་མ་ལག་བཙུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཆེན་པོ་བསྣན་ཡོད།
2023ལོར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཀྲེ་ཅང་དང་། ཅང་སུའུ། པེ་ཅིང་། ཧྲང་ཧའེ་སོགས་སུ་བསྐྱོད་ནས“མཛེས་པའི་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར”གྱི་ཆེད་དོན་ཁྱབ་གདལ་བཏང་བ་རེད། 2024ལོར་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཉམ་འགུལ་གྱིས“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན། དྲིན་ཚོར་མདུན་སྐྱོད”ཅེས་པའི་རིག་གནས་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་གཉེར་བ་དང་། ཟླ་བ་བདུན་གྱི་རིང་། མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་དྲུག་ལ་ཁྱབ་ནས“རི་ཆུའི་འགོ་ཁུངས། མཛེས་པའི་མཚོ་སྔོན”ཞེས་པའི་སྤུས་རྟགས་སྔར་བས་དར་རྒྱས་སུ་བཏང་བ་རེད།
ཤེས་ལྡན་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ།
རིག་སྟོབས་གོང་འཕེལ་གྱི་རྨང་གཞི་བརྟན་དུ་བཏང་བ།
རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས“སྙན་ངག”དང“རྒྱང་རིང”འབྲེལ་མཐུད་སྔར་ལས་ལེགས་པོ་ཡོང་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་བཏོད་ཅིང་། མཚོ་སྔོན་ཞིང་ཆེན་གྱིས“ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཕྱིའི་མཐུན་རྐྱེན་ཡག་པོ་སྤྱད་དེ”རིག་གནས་དང་ཡུལ་སྐོར་གྱི་ཤེས་ལྡན་པ་གསོ་སྐྱོང་གི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།
2022ལོར། ཅང་སུའུ་ཞིང་ཆེན་གྱིས་ཆེད་དོན་མ་དངུལ་སྒོར་ཁྲི་215བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཁྱབ་ཁོངས་ལ་དམིགས་ནས་གཞི་རིམ་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ལ་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་བྱས་ཏེ། གྲོང་གསེབ་ཀྱི་རིག་རྩལ་རྐང་འཛིན་མི་སྣ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ། ཡུལ་སྐོར་དཔེ་སྟོན་ཤེས་ལྡན་པ་བཅས་ཁག་གཅིག་གསོ་སྐྱོང་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བར་སྒུལ་ནུས་ཆེན་པོ་བསྣན་ཡོད།
2023ལོར། སུའུ་ཀྲོའུ་བཟོ་རྩལ་མཛེས་རྩལ་སློབ་གླིང་དང་ཧྲང་ཧའེ་སློབ་ཆེན་གྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་ནས་མཚོ་སྔོན་གྱི་སྲོལ་རྒྱུན་བཟོ་རྩལ་གསར་གཏོད་ཇུས་འགོད་ཞིབ་སྤེལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། གྲོང་ཁྱེར་དང་ཀྲོའུ་ཡི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་པ་60གསོ་སྦྱོང་ནང་ཞུགས་པས་སློབ་མའི་གསར་རྩོམ་གྱི་མཐོང་རྒྱ་ནུས་ལྡན་ངང་རྒྱ་བསྐྱེད་བྱུང་བ་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་ཡང་ཆེ་རུ་ཕྱིན་ཡོད།
2023ལོ་དང་2024ལོ་གཉིས་བསྟུད་མར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཧྲང་ཧའེ་སློབ་ཆེན་དང་མཉམ་དུ་མཚོ་སྔོན་གྱི་སྲོལ་རྒྱུན་བཟོ་རྩལ་བློ་གསར་ཇུས་འགོད་ཞིབ་སྤེལ་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། མཚོ་སྔོན་གྱི་གྲོང་ཁྱེར་དང་ཀྲོའུ་ཁག་ནས་ཡོང་བའི་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་པ་100ཙམ་གསོ་སྦྱོང་ནང་ཞུགས་པས་ཇུས་འགོད་ཞིབ་སྤེལ་གྱི་ནུས་པ་ཆེ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།