རི་རབ་ཆུ་བོ་མུ་ལ་འབྲེལ། མཛའ་གྲོགས་ཁྱིམ་གཞིས་མཉམ་དུ་སྐྲུན།
ད་ལོའི་ལྔ་པའི་ཚེས་ལྔའི་དུས་ཆེན་ཉིན“ཀྲུང་སིའི་མཛའ་གྲོགས་བུམ་པའི”གྲུ་ཤན་འགྲན་བསྡུར་སི་རི་ལན་ཁའི་ཁོ་ཐེ་རུ་སྤེལ་བར་སི་རི་ལན་ཁའི་ས་ཆ་ཁག་ནས་ཡོང་བའི་རུ་ཁག་24ཞུགས་པ་དང་ཁྱོན་ཀྲུང་སིའི་བདམས་ཐོན་པ་330ལྷག་ཙམ་ཡོད་པ་རེད།
ལོ་སིར་ཀྲུང་ལོའི་ལྕགས་ལམ་ལས་བཟོ་ཚོས་དུས་བཀག་ལྟར“གཞོན་ནུའི་ཁྱིམ་གཞིས”སུ་སྐད་ཡིག་དང་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་གྱི་ཡོད་ཅིང་། འདི་ནི་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་ལས་བཟོ་ཚོས་མཉམ་དུ་རྒྱ་ཡིག་གི་དཔེ་དེབ་ཀློག་བཞིན་པ།
མར་ཏི་ཝེའི་ཝེ་ལཱ་སློབ་གླིང་གི་རྒྱ་ཡིག་ལྟེ་གནས་སུ་སྤེལ་བའི་རིག་གནས་ཉམས་ལེན་བྱེད་སྒོའི་ཐོག ཚོགས་ཞུགས་སྐུ་མགྲོན་ཚོས་མཉམ་དུ་རྒྱ་ཡིག་ཡིག་གཟུགས་སྦྱོང་བཞིན་པ།
ཉེ་ཆར་མ་ལེ་ཞི་ཡའི་ཁྭ་ལ་ལུམ་ཕུར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བའི་བྱེད་སྒོའི་ཐོག ས་གནས་དེ་གའི་སློབ་མ་ཚོས་ཀྲུང་གོའི་སྲོལ་རྒྱུན་གྱི་པར་འདེབས་ལག་རྩལ་ཉམས་ལེན་བྱེད་པ།
ནེ་པ་ལའི་པར་ཝེ་ཁཱ་ཧྲི་དབྱིན་ཡིག་སློབ་གྲྭའི་སློབ་མ་ཚོས་ཀྲུང་གོའི་རིག་གནས་སློབ་ཚན་གྲོལ་་རྗེས་མཉམ་པར་རྒྱག་བཞིན་པ།
ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་བྱས་པའི་ཀྲུང་གོའི་རིག་གནས་བསམ་བཀོད་ཚོང་འདུས་བྱེད་སྒོའི་ཐོག ཕ་ཁི་སི་ཐན་གྱི་དམངས་ཚོགས་ཚོས་ཀྲུང་གོའི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་པ།
ད་ལོའི་དཔྱིད་གསར་དུས་ཆེན་རིང་། ཁམ་ཕུ་ཁྲེའི་དཔོན་ཚང་ཞིབ་འཇུག་ཁང་སྒྱུ་རྩལ་སློབ་འབྲིང་རྒྱ་ཡིག་ལྟེ་གནས་ཀྱིས“སྦྲུལ་ལོའི་དཔྱིད་གསར་དུས་ཆེན་བསུ་བའི”རིག་གནས་ཉམས་ལེན་བྱེད་སྒོ་སྤེལ་བ།
སིང་ཀ་ཕོར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་གཉེར་བའི“ལོ་གསར་རི་མོའི་མངོན་མིན་རིག་གནས་ཤུལ་བཞག་མཛེས་དཔྱོད་སློབ་གསོའི་ལས་དོན་ཁང”གི་ཉམས་ལེན་བྱེད་སྒོར་ཀྲུང་སིང་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པ་60ཙམ་ཞུགས་ཤིང་། འདི་ནི་ཁོང་ཚོས་ལོ་གསར་རི་མོ“གཡུ་འབྲུག་དགུ་ཡི་བཀྲ་ཤིས་ཤོག”ཅེས་པའི་སྐྱ་བྲིས་ལ་ཚོན་བཏང་བ་སྟོན་བཞིན་པ།
ཐེ་ལན་གྱི་སློབ་མས་ཐེ་ལན་པོ་རེན་སློབ་ཆེན་དུ་ཡོད་པའི་མཚོ་ཐོག་དར་ལམ་ཁུང་ཙི་སློབ་གླིང་གི་སློབ་ཚན་ཐོག་ཡིག་གཟུགས་སྦྱོང་བཞིན་པ།
ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་ཁག་ནི་རི་ཆུ་མུ་འབྲེལ་དང་། མི་ཆོས་རིག་གནས་ཆ་མཚུངས་པ། ཁེ་ཕན་མཉམ་འདྲེས། ལས་དབང་གཅིག་མཐུན་བཅས་ཡིན། ཕྱོགས་གཉིས་དབར་གྱི་ལོ་ངོ་ཆིག་སྟོང་ལྷག་གི་མཛའ་གྲོགས་འགྲོ་འོང་ལོ་རྒྱུས་ནི་ཤེས་དཔལ་སྤེལ་རེས་དང་མིག་ལྟོས་བྱེད་རེས་ཀྱི་གསོན་ཉམས་ལྡན་པའི་ལོ་རྒྱུས་ཤིག་ཀྱང་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་ནས་མཐའ་འཁོར་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་མཐའ་འཁོར་རྒྱལ་ཁབ་ཁག་དབར་མི་ཆོས་རིག་གནས་སྤེལ་རེས་བྱེད་པར་རྒྱུན་མཐུད་ཤུགས་སྣོན་རྒྱག་གི་ཡོད། ཕ་ཁི་སི་ཐན་ནས་མ་ལེ་ཞི་ཡ་དང་། སིང་ཀ་ཕོར་ནས་མར་ཏི་ཝེ་སོགས་དབར་རྣམ་པ་སྣ་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་བས། རྒྱལ་ཁབ་ཁག་གི་དམངས་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པའི་ནང་དོན་དང་དེང་རབས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་ཐུབ་ཡོད། ཀྲུང་གོའི་རིག་གནས་ལས་བརྒྱུད་སྤྲོད་བྱས་པའི་འཆམ་མཐུན་མཉམ་གནས་དང་རྒྱན་ཐོག་རྒྱན་མཛེས་ཐམས་ཅད་མཛེས་སོགས་ཀྱི་འདུ་ཤེས་དེ་ཞི་བདེ་དང་། མཉམ་ལས། སྒོ་དབྱེ། བསྟུན་མཁས་བཅས་ཀྱི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་དང་ཚད་མཐོའི་འཚམ་མཐུན་བྱུང་བས། མཐའ་འཁོར་རྒྱལ་ཁབ་ཁག་གི་དམངས་ཚོགས་དང་ལྷག་པར་དུ་གཞོན་ནུ་ཚོའི་ཁས་ལེན་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།