དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་གསེང་སྐྱེལ་འདྲེན་རིང་ལྕགས་ལམ་སྡེ་ཚན་ནས་ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་1400ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-04

    ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་7ཚེས་1ཉིན་ནས་ཚེས་31ཉིན་བར། རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་4.41སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.3%འཕར་ཞིང་། ཉིན་རེར་འགྲུལ་པ་མི་ཐེངས་ཁྲི་1421.3སྐྱེལ་འདྲེན་ཐུབ་ནས་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་དང་། བརྟན་པོ། གོ་རིམ་ལྡན་པ་བཅས་བྱུང་ཡོད་པ་རེད།

    འགྲུལ་སྐྱེལ་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཞིང་། དུས་ཚིགས་གསུམ་པའི་མེ་འཁོར་འཁོར་སྐྱོད་ལམ་རིས་ཀྱི་རྨང་གཞིའི་ཐོག དབྱར་གསེང་གི་གནས་སྐབས་འགྲུལ་པའི་མེ་འཁོར་འཁོར་སྐྱོད་ལམ་རིས་བཟོས་ནས་ལག་བསྟར་བྱས་ཏེ། ཅིང་ཧ་མྱུར་བགྲོད་ལྕགས་ལམ་གྱི་ཅིང་ཧྲེན་དུམ་བུ་དང་། ཧུའུ་ཁུན་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཁྲང་དུམ་བུ་ཚད་མཐོའི་འཁོར་སྐྱོད། ཡུས་ཞ་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིང་ཤར་རྒྱུད་ནས་ཆན་ཅང་བར་གྱི་དུམ་བུ་དང་ཁྲུང་ཆིང་ཤར་ཚུགས་སོགས་ལམ་ཐིག་གསར་པ་དང་འབབ་ཚུགས་གསར་པའི་ནུས་པ་བེད་སྤྱོད་ཡག་པོ་བྱས་ནས། རྒྱལ་ཡོངས་ལྕགས་ལམ་ནས་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་11416བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས་9.3%འཕར་ཡོད་པ་རེད།

    ཡུལ་སྐོར་མེ་འཁོར་གྱིས་འཛད་སྤྱོད་ཀྱི་གཏིང་ཤུགས་འཕེལ་བར་བྱས་ཤིང་། དབྱར་གསེང་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན། རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་མེ་འཁོར་266བཏང་ཞིང་། རྒྱལ་སྒྲོལ་འགྲུལ་སྐྱེལ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་279.4སྐྱེལ་འདྲེན་བྱས་པ་དང་། ཀྲུང་ལོའི་ལྕགས་ལམ་ནས་རྒྱལ་སྒྲོལ་འགྲུལ་པ་མི་ཐེངས་ཁྲི་1.8སྐྱེལ་འདྲེན་བྱས་ནས“རྒྱལ་སྒྲོལ་ཡུལ་སྐོར”ལ་རམ་འདེགས་ནུས་ལྡན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།