རང་རྒྱལ་གྱི་ཀུན་ཕན་འབོར་ཉུང་དངུལ་བུན་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ།
གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཀུན་ཕན་འབོར་ཉུང་དངུལ་བུན་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། 2025ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ཀུན་ཕན་འབོར་ཉུང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་35.6ཟིན་པ་དེ་དུས་མཚུངས་ལས་12.3%འཕར་ཞིང་། དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་5.2ཀྱིས་མཐོ་བ་ཡོད་པ་དང་། ལོ་སྟོད་དུ་སྒོར་དུང་ཕྱུར་ཁྲི་2.6འཕར་ནས་འཕར་ཚད་མགྱོགས་ཙམ་ཡོད།
ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཟམ་མི་ཆད་པར་ཆག་ཅིང་། 2025ལོའི་ཟླ་དྲུག་པར་གསར་དུ་བཏང་བའི་ཀུན་ཕན་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་གྱི་ཆ་སྙོམས་སྐྱེད་ཚད་3.48%ཟིན་པ་དེ་ཟླ་གསུམ་པ་ལས་གཞི་གྲངས་12དང་། ལོ་སྟོད་ཀྱི་དུས་མཚུངས་ལས་གཞི་གྲངས་66ཆག་ཡོད་པ་རེད།
ཀུན་ཕན་འབོར་ཉུང་ཡིད་རྟོན་དངུལ་བུན་གྱི་བསྡུར་གྲངས་མཐོ་རུ་སོང་བ་དེས་གཏའ་མ་དཀོན་པ་དང་མ་དངུལ་བསྡུ་སྒྲིལ་དཀའ་བའི་ཕྲན་ཚེགས་ཁེ་ལས་ཀྱི་གནད་དོན་སྔར་བས་ཐག་གཅོད་ཡོང་བར་རོགས་རམ་ཐུབ་རྒྱུ་རེད། ཟླ་དྲུག་པའི་ཟླ་མཇུག་བར། ཀུན་ཕན་འབོར་ཉུང་དངུལ་བུན་གཏོང་བའི་ཁྲོད་ཡིད་རྟོན་དངུལ་བུན་གྱིས་བསྡུར་གྲངས་བཅུ་ཆ་གསུམ་ཙམ་བཟུང་བ་དེ་དུས་ཚིགས་གོང་མའི་དུས་མཇུག་ལས་བརྒྱ་ཆའི་གྲངས་0.7གྱིས་མཐོ་བ་ཡོད་པ་རེད།
ཁེ་ལས་འབྲིང་ཆུང་དང་ལྷག་པར་དུ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟླ་དྲུག་པའི་ཟླ་མཇུག་བར། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་3.5ཟིན་པ་དེ་དུས་མཚུངས་ལས་22.9%འཕར་ནས་དངུལ་བུན་གྱི་རྒྱབ་སྐྱོར་ཐོབ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་27.4ཟིན་པར་དངུལ་བུན་རག་ཚད་50%ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།