དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-04

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་དང་མཉམ་དུ་སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་ཏེ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་ནུས་ཤུགས་ཡོད་རྒུས་བསལ་ཡོད།

    ཕྱོགས་གཅིག་ནས་འབྲེལ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། 2025ལོར་ཀྲུང་དབྱང་གི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་88ལ་སྤྱི་འདོམས་བྱས་ནས་རྫོང་རིམ་པའི་སྨན་ཁང་དང་ལྟེ་བའི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གཙོ་བོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། རྫོང་ཁོངས་ཀྱི་གསོ་རིག་བརྙན་པར་དང་། སྙིང་པར་བརྟག་དཔྱད། གསོ་རིག་ཞིབ་དཔྱད། དུག་སེལ་མཁོ་སྤྲོད། ལྟེ་བའི་སྨན་སྦྱོར་ཁང(ཀྲུང་ལུགས་སྨན་སྦྱོར་མཉམ་སྤྱོད་ཁང)སོགས་ཐོན་ཁུངས་ཆེན་པོ་ལྔ་ཡི་མཉམ་སྤྱོད་ལྟེ་གནས་ཀྱི་ཚད་གཞི་མཐོ་རུ་དང་བྱེད་ནུས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། “ཤང་དང་གྲོང་རྡལ་གྱི་བརྟག་དཔྱད་དང་། རྫོང་རིམ་པའི་བརྟག་དཔྱད། བརྟག་དཔྱད་འབྲས་བུ་ཁས་ལེན་བྱེད་རེས”བཅས་མགྱོགས་མྱུར་ཐུབ་པར་བྱས་ནས་གཞི་རིམ་གྱི་ཞབས་ཞུའི་དྲ་བ་ཚགས་དམ་དུ་བཏང་ཡོད།

    ཕྱོགས་གཞན་ཞིག་ནས་སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཤམ་སྤེལ་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། རྒྱལ་ཁབ་ཀྱི་ས་ཁོངས་སྨན་བཅོས་ལྟེ་གནས་125ཡིས་རྒྱང་བསྟེན་སྨན་བཅོས་དང་། སྐོར་སྐྱོད་སྨན་བཅོས། ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱ་ཐབས་བརྒྱུད། གཞི་རིམ་དུ་སྐྱོད་པར་སྐུལ་འདེད་བཏང་ནས་རིམ་རྩིས་བརྒྱབ་ན་གཞི་རིམ་གྱི་ནད་པ་མི་ཐེངས་ཁྲི་400ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་། གྲོང་གསེབ་ཀྱི་གནས་གཏན་འཁེལ་གྱི་སློབ་ཡོན་མི་དགོས་པའི་གསོ་རིག་སློབ་མ་བསྡུ་བ་དང་གསོ་སྐྱོང་གི་ལས་དོན་ཤུགས་ཆེན་སྤེལ་ནས། “གནས་ཐུབ་པ་དང་ལས་དོན་ཡག་པོ་སྒྲུབ་ཐུབ་པའི”གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།