“ང་དང་ཀྲུང་གོའི་གཏམ་རྒྱུད”ཀྱི་རྩོམ་བསྡུའི་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལན་ཀྲོའུ་རུ་འཚོགས་པ།
“ང་དང་ཀྲུང་གོའི་གཏམ་རྒྱུད”ཀྱི་རྩོམ་བསྡུའི་བྱེད་སྒོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཟླ་7ཚེས་30ཉིན་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་དབྱང་ཝན་མིང་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚུའེ་ཧྲི་ཤིན། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་བཅས་ཞུགས་ཡོད། རྒྱལ་ཁབ་11ནས་ཡོང་བའི་རྩོམ་པ་པོའི་འཐུས་མི་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།
“ང་དང་ཀྲུང་གོའི་གཏམ་རྒྱུད”ཀྱི་རྩོམ་བསྡུའི་བྱེད་སྒོ་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀན་སུའུ་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་ད་ཐེངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་གཉེར་རོགས་བྱས་པ་རེད། ན་ནིང་ཟླ་བ་གཉིས་པར་རྩོམ་བསྡུའི་བརྡ་ཐོ་ཡོངས་བསྒྲགས་བྱས་རྗེས། རྒྱལ་ཁབ་དང་ས་ཁུལ་80ལྷག་ཙམ་གྱི་རྩོམ་ཡིག་1300ལྷག་ཙམ་འབྱོར་ཡོད། དེ་གར་འབྱོར་བའི་རྩོམ་ཡིག་ནང་གི་བརྩམས་ཆོས་སྤུས་ལེགས་ན་ནིང་ཟླ་བ་དྲུག་པ་ནས་བཟུང་མི་དམངས་ཉིན་རེའི་ཚགས་པར་ཐོག་གཅིག་རྗེས་གཉིས་མཐུད་ངང་བཀོད་པར་རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།