ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས“རང་སྨྱན་སྦྱོར”གྱིས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་པའི་སྣང་ཚུལ་ངན་པར་བཅོས་སྒྲིག་བྱས་པ།
གསར་འགོད་པར་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “རང་སྨྱན་སྦྱོར”གྱིས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱེད་པའི་སྣང་ཚུལ་ངན་པར་རྒྱུན་མཐུད་ནས་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། “རང་སྨྱན་སྦྱོར”གྱི་ཆ་འཕྲིན་ཁྱབ་སྤེལ་བྱེད་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་ཆེད། 2025ལོའི“དྭངས་གཙང”ཆེད་དོན་བྱ་སྤྱོད་རིམ་སྤེལ་གྱི་སྤྱིའི་བཀོད་སྒྲིག་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཟླ་7ཚེས་24ཉིན་ནས་བཟུང་། རྒྱལ་ཡོངས་སུ་དུས་ཡུན་ཟླ་བ་གཉིས་ཀྱི“དྭངས་གཙང·‘རང་སྨྱན་སྦྱོར’གྱིས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་སྣང་ཚུལ་བཅོས་སྒྲིག་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ནས། བསམ་ངན་བཅངས་ནས་སྦིར་བསྒྲགས་བཟོས་ཏེ་མང་ཚོགས་ལ་གོ་བ་ལོག་ཁྲིད་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་དོན་དངོས་ལ་འཁྱོག་བཤད་བྱེད་པ། ཟུར་མཆན་མ་བཀོད་པར་རྫུན་མ་ངོ་མར་རྫུ་བ། ཆེད་ལས་ཁྱབ་ཁོངས་ཀྱི་ཆ་འཕྲིན་རྫུན་མ་སྤེལ་བ་བཅས་མངོན་གསལ་དོད་པའི་གནད་དོན་རིགས་4ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།