དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨན་ཧུའེ་ཝུའུ་ཧུའུ་རུ་དྲག་ཆར་རླུང་འཚུབ་དང་འཐབ་ནས་གཞུང་ལམ་ཤར་གཏོང་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-04

    ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་དུ་དྲག་ཆར་རླུང་འཚུབ་ལྡང་བའི་གནམ་གཤིས་བསྟན་པས། གྲོང་ཁྱེར་དེའི་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་མྱུར་བགྲོད་གཞུང་ལམ་རུ་ཆེན་གཉིས་པའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ལས་གནས་བརྟན་སྲུང་བྱས་ནས། སྐོར་ཞིབ་དང་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མངོན་མེད་རྐྱེན་ངན་སེལ་བ། གྲོང་མིར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་བདེ་འཇགས་ཤར་གཏོང་ཡོང་བར་འགན་ལེན་གྱིས་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ཡོང་བར་བྱས་ཡོད། འདི་ནི་ཟླ་7ཚེས་31ཉིན། ཨན་ཧུའེ་ཝུའུ་ཧུའུ་ཡི་མི་དམངས་ཉེན་རྟོག་པས་དྲག་ཆར་ཁྲོད་ཉིང་ཝུའུ་མྱུར་བགྲོད་གཞུང་ལམ་ཝུའུ་ཧུའུ་ལམ་དུམ་གྱི་འཕྲལ་སྡོམ་འཁོར་ལམ་དུ་འགྱེལ་བའི་སྨྱུག་ཕྲན་གཙང་སེལ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།