རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས།
“དམངས་གཉེར་དཔལ་འབྱོར་གྱི་བསམ་ཕྱོགས་གསར་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་དམངས་གཉེར་ཁེ་ལས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས“དམངས་གཉེར་དཔལ་འབྱོར་གྱི་བསམ་ཕྱོགས་གསར་པ་སློབ་སྦྱོང་གཏིང་ཟབ་བྱས་ནས་དམངས་གཉེར་ཁེ་ལས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་པའི”ཆེད་དོན་འཆད་ཁྲིད་བྱས་ཤིང་། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝུའེ་པིན་ཞན་སློབ་ཁྲིད་བྱེད་པར་གདན་དྲངས་པ་རེད།
འཆད་ཁྲིད་བྱེད་རིང་། ཝུའེ་པིན་ཞན་གྱིས“ཁེ་ལས་ཆུང་གྲས་དྲུག”ཚུལ་འགལ་གྱི་ཧང་ཀྲོའུ་ཡི་གསང་ཨང་དང་། ཧང་ཀྲོའུ་ཡི“ཁེ་ལས་ཆུང་གྲས་དྲུག”ཚུལ་འགལ་ལས་གྲོང་ཁྱེར་གསར་གཏོད་འཕེལ་རྒྱས་ལ་བྱུང་བའི་བློ་འབྱེད། གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཇི་ལྟར་གཏོད་པ་དང་ལེགས་སུ་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས། ཧང་ཀྲོའུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྐོག་འགྱུར་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། དེ་བཞིན་གོ་སྐབས་དང་འགྲན་སློང་གིས་ཁེངས་པའི་དཔལ་འབྱོར་ཁོར་ཡུག་འདི་འདྲའི་འོག་ལག་རྩལ་འཕོ་འགྱུར་གྱི་དུས་རབས་ཀྱི་འཕར་རྩ་ཁོང་དུ་ཇི་ལྟར་ཆུད་པར་བྱས་ནས་ཁེ་ལས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་དགོས་ལུགས་དབྱེ་ཞིབ་གཏིང་ཟབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།