དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བདེ་སྐྱིད་མཚོན་པའི་ལག་པ་བརྐྱངས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ།

    —— རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་གཏམ་བརྗོད་ཟློས་གར《ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི》སྐོར་སྐྱོད་འཁྲབ་སྟོན་རྒྱ་ཚ་རྫོང་ཀུན་ཁམས་གྲོང་ཚོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    ཟླ་བདུན་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་ཀུན་ཁམས་གྲོང་ཚོར་རྩི་ཤིང་ལོ་འདབ་རྒྱས་ནས་ལྗང་ཐིང་ངེར་གནས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བའི་སྐབས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་དང་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པས་འཁྲབ་སྟོན་བྱས་པའི་རྟེན་འབྲེལ་ཆེ་མོ་དགའ་བས་བསུ་བ་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བརྗོད་ཟློས་གར《ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི》སྐོར་སྐྱོད་འཁྲབ་སྟོན་ཀུན་ཁམས་གྲོང་ཚོར་སྤེལ་ནས་དེ་གའི་མང་ཚོགས་ལ་མིག་གི་སྟོན་མོ་ཆེན་པོ་ཞིག་བཤམས་པ་རེད།

    གཏམ་བརྗོད་ཟློས་གར《ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པ》ཞེས་པའི་ནང་། 2023ལོའི་དབྱར་ཟླ་དང་པོར། མངའ་རིས་ས་ཁུལ་གྱི་ས་བབ་མཐོ་བའི་གྲོང་ཚོ་ག་གེ་མོ་ཞིག་གི་ཡུལ་མི་བསོད་ནམས་རྡོ་རྗེའི་མི་རབས་གསུམ་གྱི་ནང་མི་ཚང་མ་ས་བབ་མཐོ་ཁུལ་ནས་དམའ་ཁུལ་དུ་སྤོ་སྐབས། མི་རེ་རེའི་བསམ་ཚུལ་དང་ཤེས་རྒྱ་མི་འདྲ་བའི་དབང་གིས་དང་ཐོག་སྤོ་འདོད་མེད་པ་ནས་མཇུག་མཐར་སྲིད་གཞུང་གི་སྲིད་ཇུས་གོ་བ་ལེན་ནས་ཁས་ལེན་བྱས་ཏེ། ལག་པ་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པའི་ཐོག་ནས་ཁྱིམ་ཚང་ཚང་མ་སྤོ་རྒྱུར་མོས་མཐུན་བྱུང་བའི་གཏམ་རྒྱུད་བརྗོད་ཡོད།

    བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་འཁྲབ་སྟོན་པ་ཚོས་ཕུལ་དུ་བྱུང་བའི་འཁྲབ་རྩལ་ལ་བརྟེན་ནས་མི་རབས་གསུམ་པོའི་བར་གྱི་འགལ་བ་དང་རྩོད་གཞི་གསོན་ཉམས་དོད་པོའི་སྒོ་ནས་མངོན་ཡོད། ཁ་རྩོད་དྲག་པོ་རྒྱག་པ་ནས་གདམ་ག་བྱེད་ཁག་པོ་བྱུང་བའི་བར་དང་། ཡང་དེ་ནས་ཕན་ཚུན་བསམ་ཤེས་ཐུབ་པ་དང་བསྟུན་མཁས་བྱས་པའི་བར་བཅས་ཀྱི་བརྒྱུད་རིམ་རེ་རེས་ལྟད་མོ་བ་ཚོའི་ཡིད་དབང་རབ་ཏུ་བཀུག་ཡོད།

    འཁྲབ་སྟོན་མཇུག་སྒྲིལ་རྗེས། མི་ཁ་ཤས་ཀྱིས་མིག་ཆུ་འཕྱི་བཞིན་དེ་གར་བསྡད་ནས་ཁ་འབྲལ་འདོད་མེད་པར་གྱུར། ཡུལ་མི་སྤེན་པ་རྡོ་རྗེས། “གཏམ་བརྗོད་ཟློས་གར་འདི་ཧ་ཅང་ཡག་པོ་འདུག ང་ཚོ་གནས་སྤོ་མང་ཚོགས་ཀྱི་འཚོ་བ་དང་ཐག་ཧ་ཅང་ཉེ་པོ་འདུག ང་ཚོ་2017ལོར་རྒྱ་ཚ་རྫོང་ལོག་གླེན་ཤང་སྒོ་ཞི་ལུང་ཤུར་ནས་འདིར་སྤོས་རྗེས་ཁང་པ་རག་པ་མ་ཟད། ད་དུང་སྒོ་རྩ་བར་དུ་གཞུང་ལམ་ཡང་བསྐྲུན་འདུག ད་ཆའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད། འདི་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། སླད་ཕྱིན། ང་ཚོས་སྔར་བས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཐོག་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་ལྡན་པའི་མཛེས་སྡུག་འཚོ་བ་སྐྱེལ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།