དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་སྤུས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དཔེ་སྐྲུན་དངོས་པོའི་སྤུས་ཚད་ཞིབ་བཤེར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་7ཚེས་22ཉིན། རང་སྐྱོང་ལྗོངས་དཔེ་སྐྲུན་དངོས་པོའི་སྤུས་ཚད་ཞིབ་བཤེར་གསལ་འབྱེད་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་སྤུས་ཚད་ཞིབ་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ཉིང་ཁྲིར་འཚོགས་པ་རེད།

    ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དཔེ་སྐྲུན་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལྟེ་གནས་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། སི་ཁྲོན་དང་། ཧུའུ་ནན། ཤིན་ཅང་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)མང་པོའི་དཔེ་སྐྲུན་སྤུས་ཚད་ཞིབ་བཤེར་ལས་ཁུངས་བཅས་ཀྱི་འགན་འཁུར་བ་དང་། སྤུས་ཚད་ཞིབ་བཤེར་ལས་སྒོའི་རྐང་འཛིན་པ། དེ་བཞིན་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོགས་ལྗོངས་ནང་ཁུལ་གྱི་དཔེ་སྐྲུན་ལས་རིགས་ཀྱི་འབྲེལ་ཡོད་ལས་དོན་པ་30ཙམ་ཞུགས་པ་རེད། བཞུགས་མོལ་ཚོགས་འདུར་ཤིན་ཅང་དང་ཅི་ལིན་དང་། ལྗོངས་ནང་ཁུལ་གྱི་དཔེ་སྐྲུན་གྱི་སྤུས་ཚད་ཞིབ་བཤེར་སྒྲིག་གཞིའི་འགན་འཁུར་བས་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་སྤུས་ཚད་ཞིབ་བཤེར་ལས་དོན་གྱི་གནས་ཚུལ་དང་དཔེ་མཚོན་ངོ་སྤྲོད་བྱས་པ་དང་། ཚོགས་ཞུགས་མི་སྣས་འབྲེལ་ཡོད་གྲོས་དོན་ལ་གཞིགས་ནས་སྤེལ་རེས་གྲོས་བསྡུར་བྱས་ཤིང་། ས་གནས་ས་ཐོག་ཏུ《མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་སྤུས་ཚད་ཞིབ་བཤེར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་འབྲེལ་ཡོད་གྲོས་འགོ》ཡོངས་བསྒྲགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།