དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》ཟླ་8ཚེས་5ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་5ཉིན་ནས་བཟུང《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)དངོས་སུ་ལག་ལེན་བསྟར་རྒྱུ་རེད། 《སྲོལ་ཡིག》དེར་ཁྱོན་དོན་ཚན་43ཡོད་པ་དེ་དག་ཁྲོམ་རའི་ཁོར་ཡུག་དང་། སྲིད་དོན་ཞབས་ཞུ། ལྟ་སྐུལ་ཁྲིམས་སྒྱུར། ཁྲིམས་སྐྱོང་འགན་སྲུང་སོགས་ལྟེ་བའི་ཁྱབ་ཁོངས་ལ་ཁྱབ་པ་དང་། ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་གཏོང་བ། གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་དབང་གྲགས་ལྡན་ལ་ཀུན་ཕན་སྲིད་ཇུས་ཀྱི་མཛུབ་ཁྲིད་བྱས་ཏེ་ཁེ་ལས་བོད་དུ་འཕེལ་རྒྱས་གཏོང་བར“སེམས་རྣལ་རིལ་བུ”སྦྱིན་ཡོད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བའི་འགག་རྩའི་དམ་འཛིན་བྱ་གཞི་ཞིག་རེད།  བོད་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དམག་ཅིག་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས《སྲོལ་ཡིག》བཏོན་པ་དེས་ཚོང་འགུགས་མ་འདྲེན་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་དངོས་ཀྱི་འཇུར་མིག་སེལ་བ་དང་། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། རིག་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་སུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། དེ་བཞིན་ཉེ་གཙང་གི་སྲིད་གཞུང་དང་ཚོང་པ་འབྲེལ་བ་འཛུགས་པ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཡུན་རིང་གི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།

    ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་འདེད་ཅུས་ཀྱི་ཅུས་ཀྲང་ལི་ཧུང་མེ་ཡིས་ངོ་སྤྲོད་བྱས་དོན། 《སྲོལ་ཡིག》གིས་ལམ་ལུགས་ཀྱི་འགག་ལམ་བཤང་ཐབས་དང་། བཅོས་སྐྱོང་རིམ་སྤོར། དམངས་གཉེར་དཔལ་འབྱོར་དར་རྒྱས། ས་ཁོངས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་མ་ལག་ཅན་དང་ཚད་ལྡན་ཅན་དུ་བཏང་སྟེ། སྲིད་གཞུང“བཅོས་སྐྱོང་བྱེད་མཁན”ནས“མཉམ་ལས་བྱེད་མཁན”ལ་འགྱུར་བར་སྐུལ་འདེད་བཏང་ནས་གཉེར་སྐྱོང་བྱེད་པོར་དེ་བས་གནད་སྨིན་གྱི་ཞབས་ཞུ་དང་འགན་ལེན་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།