ལོ་སྟོད་དུ་རང་རྒྱལ་གྱི་རིག་ནུས་ལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་5.63ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་1ཉིན་གློག་འཕྲིན་འབྱོར་གསལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་བྱེད་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་པ་དང་། ཕྱིར་གཏོང་བརྟན་ཁྲོད་ལེགས་འཕེལ་བྱུང་བ། ཕན་འབྲས་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལས་རིགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་བཅས་ཡོད། དེའི་ནང་རིག་ནུས་ལག་ཐོགས་ཁ་པར་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་5.63ཟིན་ཏེ་དུས་མཚུངས་ལས་0.5%འཕར་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་11.1%འཕར་ནས། འཕར་ཚད་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་4.7དང་1.6སོ་སོས་མཐོ་བ་ཡོད། ཐོན་རྫས་གཙོ་བོའི་ཁྲོད། རྩིས་འཁོར་ཆུང་གྲས་ཀྱི་སྒྲིག་ཆས་ཐོན་ཚད་དུང་ཕྱུར་1.66ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད་པ་དང་། འདུས་གྲུབ་གློག་ལམ་ཐོན་ཚད་དུང་ཕྱུར་2395ཟིན་པ་དེ་དུས་མཚུངས་ལས་8.7%འཕར་ཡོད་པ་རེད།
གཞན་ཡང་། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་གཏོང་ཚོང་ཟོག་གི་རྩིས་སྤྲོད་རིན་ཐང་རིམ་རྩིས་བརྒྱབ་ན་དུས་མཚུངས་ལས་3.6%འཕར་བའི་ནང་། འདུས་གྲུབ་གློག་ལམ་དུང་ཕྱུར་1678ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་20.6%འཕར་བ་དང་། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ལ་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་8.04བྱུང་བ་དེ་དུས་མཚུངས་ལས་9.4%འཕར་བ། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་3024བྱུང་བ་དེ་དུས་མཚུངས་ལས་3.5%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།