དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ལོ་ཚད་ཡོལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་ཐབས་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས》ལ་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-03

    ཉིན་ཤས་གོང་། མི་སྤྱི་པུའུ་ཡིས《ལོ་ཚད་ཡོལ་བའི་ངལ་རྩོལ་པའི་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་ཐབས་ཀྱི་གནས་སྐབས་ལག་བསྟར་གཏན་འབེབས(ཡོངས་བསྒྲགས་བསམ་འཆར་བསྡུ་ལེན་གྱི་མ་ཟིན)》ཁྱབ་བསྒྲགས་བྱས་པ་དང་། ཟླ་7ཚེས་31ཉིན་ནས་ཟླ་8ཚེས་31ཉིན་བར་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱ་རྒྱུ་རེད།

    བསམ་འཆར་བསྡུ་ལེན་འཆར་ཟིན་ནང་ལོ་ཚད་ཡོལ་བའི་ངལ་རྩོལ་པའི་དགོས་མཁོ་དངོས་ལ་དམིགས་ཤིང་། གཞི་རྩའི་ཁེ་དབང་འགན་སྲུང་གི་ནང་དོན་ཁ་གསལ་བཟོས་ཏེ། ལོ་ཚད་ཡོལ་བའི་ངལ་རྩོལ་པར་ངལ་རྩོལ་གླ་ཆ་དང་། ངལ་གསོ་དང་འཁོར་ཞག ངལ་རྩོལ་བདེ་འཇགས་འཕྲོད་བསྟེན། ལས་རྨས་འགན་སྲུང་སོགས་གཞི་རྩའི་ཁེ་དབང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩོད་གཞི་ཐག་གཅོད་ཀྱི་ཐོགས་མེད་བགྲོད་ལམ་བཟོས་ནས། ལོ་ཚད་ཡོལ་བའི་ངལ་རྩོལ་པས་ངལ་རྩོལ་རྩོད་གཞི་འདུམ་འགྲིག་འདུམ་གཅོད་དང་། མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ། མི་སྤྱི་སྡེ་ཚན་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག་ལུགས་གཏན་འབེབས་ཁ་གསལ་བཟོས་ཡོད།

    ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་རིང་། སྤྱི་དམངས་ཀྱིས་མི་སྤྱི་པུའི་དྲ་ཚིགས་ནང་ཞུགས་པ་དང་། འཕྲིན་ཡིག་བསྐུར་བ། གློག་རྡུལ་འཕྲིན་ཡིག་བསྐུར་བ་སོགས་ཀྱི་བྱ་ཐབས་བརྒྱུད་བསམ་འཆར་འདོན་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།