2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ།
ཉིན་ཤས་གོང་། 2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་ཁྱབ་བསྒྲགས་ཀྱི་མཛད་སྒོ་དང་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་ཧྲན་ཏུང་གི་ཆིང་ཏའོ་རུ་སྤེལ་བ་རེད།
བྱེད་སྒོའི་རིང་། 2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“100བཞིའི”སྔོན་ཐོན་དཔེ་མཚོན་གྱི་མིང་ཐོ་གཅིག་སྡུད་ཐོག་ཁྱབ་བསྒྲགས་དང་། སྔོན་ཐོན་དང་བླངས་པས་ཞབས་འདེགས་ཞུ་རིང་ཐོན་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མཉམ་སྤྱོད་བྱས་ཏེ། ས་གནས་ཁག་ལ་དང་བླངས་པར་གུས་ཞབས་ཞུ་དགོས་པ་མ་ཟད། དང་བླངས་ཞབས་ཞུའི་རྩ་འཛུགས་དང་རྣམ་གྲངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པའི་ལྕག་སྐུལ་བྱ་ཐབས་འདོན་རྒྱུའི་སྐུལ་མ་ཡང་བཏང་བ་རེད། ཆིང་ཏའོ་ནས་ཡོང་བའི་སྨན་བཅོས་དང་། རིག་རྩལ། ཚན་རྩལ། ལུས་རྩལ། སེམས་ཁམས་བདེ་ཐང་། འཕྲལ་སྡོམ་རོགས་སྐྱོབ་སོགས་ཀྱི་དང་བླངས་པའི་འཐུས་མིས་དང་བླངས་ཞབས་ཞུའི་གྲོས་འགོ་སྒྲོག་སྦྱངས་བྱས་རྗེས་ཁོང་ཚོ་ཤང་དང་། གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་སུ་བསྐྱོད་དེ། དབྱར་དུས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་གཙོ་གཉེར་བྱས་པ་དང་། ཧྲན་ཏུང་ཞིང་ཨུད་སྤྱི་ཚོགས་ལས་དོན་པུའུ་དང《ཀྲུང་གོའི་དང་བླངས》དུས་དེབ་ཁང་གིས་སྒྲུབ་འགན་འཁུར་བ། ཆིང་ཏའོ་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་གཞོགས་འདེགས་བྱས་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།