2025ལོའི་རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཐོན་ཚོང་ཚོགས་ཆེན(ཤར་རྒྱུད་ཀྱི་ཡུག་ཁུལ)འཚོགས་པ།
ཉིན་ཤས་གོང་། ཚོང་དོན་པུའུ་ཡིས་གཙོ་གཉེར་བྱས་པའི་2025ལོའི་རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཐོན་ཚོང་ཚོགས་ཆེན(ཤར་རྒྱུད་ཀྱི་ཡུག་ཁུལ)ཅང་ཤིས་ནན་ཁྲང་དུ་འཚོགས་པ་རེད། “ཞིང་ལས་དང་ཚོང་ལས་སྦྲེལ་མཐུད་བྱས་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཚོགས་ཆེན་དེས་ཅང་ཤིས་དང་། ཧྲན་ཏུང་། ཧྲང་ཧའེ་སོགས་ཞིང་ཆེན་བརྒྱད་དང་ཐད་སྐྱོང་གྲོང་ཁྱེར་གཅིག་གི་ཞིང་ལས་སྣེ་འདྲེན་ཁེ་ལས་2000ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ཁྱད་ལྡན་ཞིང་ལས་སྤུས་ལེགས་ཐོན་རྫས་ཁྲི་2ལྷག་ཙམ་འགྲེམས་སྟོན་བྱས་པ། རྒྱལ་ཡོངས་ཀྱི་ཚོང་དོན་འཁོར་རྒྱུག་ཁེ་ལས་ཆེ་གྲས་600ལྷག་ཙམ་གྱིས་རྟོག་ཞིབ་དང་ཉོ་སྒྲུབ་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཐོན་ཚོང་ཚོགས་ཆེན་དེ་ཤར་ལྷོ་ནུབ་བྱང་ཁུལ་བཞིར་ཕྱེ་ནས་གཅིག་སྡུད་ཉོ་སྒྲུབ་བྱེད་སྒོ་ཐེངས་4སྤེལ་བ་རེད། 2018ལོ་ཚུན་དུ། ཚོང་དོན་པུས་ལོ་ལྟར་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་ཚོང་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་རིམ་རྩིས་བརྒྱབ་ན་བྱེད་སྒོ་ཐེངས་3300ལྷག་ཙམ་སྤེལ་བར། རིན་གོང་སྒོར་དུང་ཕྱུར་1000ཙམ་ཟིན་པའི་ཞིང་ལས་ཐོན་རྫས་ཉོ་ཚོང་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།