དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དགོངས་འགྲེལ་རིགས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་གློག་བརྙན《འགག་སྒྲོལ》ཞེས་པ་བསྟན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-08-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་མཉམ་དུ་དགོངས་འགྲེལ་རིགས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་གློག་བརྙན《འགག་སྒྲོལ》ཞེས་པ་པར་ལེན་བྱས་པ་རེད། གློག་བརྙན་དེ་ཟླ་8ཚེས་1ཉིན་ནས་བཟུང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཕྱོགས་བསྡུས་འཕྲིན་ལམ་ནས་སྟོན་བཞིན་ཡོད་པ་རེད།

    གློག་བརྙན《འགག་སྒྲོལ》ལ《དམག་དོན་བཀའ་རྒྱ་རི་གཟར་རྦབ་རྡོ་འདྲ》དང་། 《ངར་སྐུལ་རྣོ་འདོན》 《སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་ཁ་ལེན་པ》 《བློ་སྤོབས་ཆེན་པོས་ས་ཁོངས་གསར་པ་བརྒལ》 《རྒྱལ་ཁ་ལེན་ངེས》བཅས་ལེའུ་ལྔ་ཡོད། གློག་བརྙན་དེས“ཆབ་སྲིད་ཀྱི་ལྷག་བསམ་བརྟན་པོར་འཛུགས་པ་དང་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར”དམིགས་ནས། དམག་ཡོངས་ཀྱི་དམག་དཔུང་གིས་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པའི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་། དཔུང་སྡེའི་དཔོན་དམག་ཚོས་དཀའ་ངལ་ལ་མ་འཛེམས་པར་འགག་སྒྲོལ་དཀའ་སེལ་བྱེད་པའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་རིམ་པ་བཞིན་མཚོན་པར་བྱས་ནས། རྒྱ་ཆེའི་དཔོན་དམག་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་དམག་ཨུད། ཀྲུའུ་ཞི་ཞི་ཅིན་ཕིང་བཅས་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ། ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གང་མགྱོགས་འཛུགས་སྐྱོང་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་སློབ་གསོ་དང་ལྕག་སྐུལ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།