ད་ལོའི་ལོ་སྟོད་དུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་1666ལ་ཆད་པ་བཅད་པ།
ཟླ་7ཚེས་31ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ལོ་སྟོད་དུ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ལྟ་སྐུལ་ཞིབ་བཤེར་དང་། ཞིབ་དཔྱད། བརྟག་དཔྱད་བཅས་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། བརྡ་ཁྱབ་ལས་མངོན་པར། 2025ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་2042ལ་གྱོད་དོན་ཐོ་འགོད་བྱས་པ་དང་། མི་1666ལ་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་ལས་མངོན་པར། 2025ལོའི་ལོ་སྟོད་དུ། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེའམ་ཡང་ན་བསམ་འཆར་ཐེངས་ཁྲི་1.68ལྷག་ཙམ་བསྡུ་ལེན་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ་ཁྲི་1.40ལྷག་ཙམ་ཐག་གཅོད་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་4872ལ་གླེང་མོལ་དང་འཕྲིན་བརྒྱུད་འདྲི་རྩད་བྱས་པ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་2042ཀྱི་གྱོད་དོན་ཐོ་འགོད་དང་མི་1666ལ་ཆད་པ་བཅད་པ། མི་101ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་པའི་ནང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་49དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་319ལ་ཆད་པ་བཅད་ཡོད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། 2025ལོའི་ལོ་སྟོད་དུ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“རྣམ་པ་བཞི”སྤྱད་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་མི་ཐེངས་6006ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཤིང་། དེའི་ནང་། རྣམ་པ་དང་པོ་སྤྱད་དེ་མི་ཐེངས་4242ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དང་། རྣམ་པ་གཉིས་པ་སྤྱད་དེ་མི་ཐེངས་1439ལ་ཐག་གཅོད་བྱས་པ། རྣམ་པ་གསུམ་པ་སྤྱད་དེ་མི་ཐེངས་199ལ་ཐག་གཅོད་བྱས་པ། རྣམ་པ་བཞི་པ་སྤྱད་ནས་མི་126ལ་ཐག་གཅོད་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།