དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “འོད་སྟོང་འཕྲོ་བའི་ལོ་ངོ་60 ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ”ཞེས་པའི་ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་བཅར་འདྲིར་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-08-03

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་གི་སྨྱན་སྦྱོར་མང་པོ་ལས་གྲུབ་པའི“འོད་སྟོང་འཕྲོ་བའི་ལོ་ངོ་60 ཡིད་དབང་འཕྲོག་པའི་བོད་ལྗོངས་གསར་པ”ཞེས་པའི་བཅར་འདྲི་ཚོགས་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དང་། སྨན་གླིང་གྲོང་ཁྱེར། བྲག་ཡིབ་ཆུས། ཀོང་པོ་རྒྱ་མདའ་རྫོང་བཅས་སུ་བཅར་འདྲིར་བསྐྱོད་དེ་སྨྱུ་གུ་དང་པར་ཆས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་ཉིང་ཁྲི་གྲོང་ཁྱེར་གྱི་འཕོ་འགྱུར་ཟིན་ཐོར་འགོད་རྒྱུ་ཡིན་པ་རེད།

    སྣང་རྫོང་དུ་བཅར་འདྲི་ཚོགས་པས་གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོར་དེང་རབས་ཅན་གྱི་སྡོད་མལ་ཁང་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བཅར་འདྲི་བྱས་པ་དང་འབྲེལ། ལ་ཐོག་ཤང་རྩ་གྲོང་ཚོའི་ཟུར་ཁའི་སྤོས་བཟོ་སྟངས་ཀྱང་ཉམས་ལེན་བྱས་པ་དང་། སྨན་གླིང་གྲོང་ཁྱེར་དུ་བཅར་འདྲི་ཚོགས་པས་ཤེལ་དཀར་མོན་པ་གྲོང་ཚོའི་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཚུལ་དང་དེ་བཞིན་སྨན་གླིང་གྲོང་ཁྱེར་གྱི་གླ་བ་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ། ཀོང་པོ་རྒྱ་མདའ་རྫོང་དུ་བཅར་འདྲི་ཚོགས་པས་བྱེ་པ་གྲོང་ཚོའི“མཛེས་མཐུན་གྲོང་གསེབ”འཛུགས་སྐྲུན་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ཟིན་ཐོར་བཀོད་པ་རེད།

    ཉིང་ཁྲིའི་འགྱུར་ལྡོག་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60རིང་གི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཡིན་ཞིང་། བཅར་འདྲི་ཚོགས་པས་ཀུན་འདུས་སྨྱན་སྦྱོར་གྱི་གཏོང་སྤེལ་བྱེད་སྟངས་བརྒྱུད་རྒྱལ་ཁབ་ཕྱི་ནང་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། སྒོ་དབྱེ་བསྟུན་མཁས། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་ཉིང་ཁྲི་གསར་པ་ཞིག་སྟོན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།