དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-08-03

    “ལྷུན་པོའི་སྤོ་ནས་གནམ་སའི་བར་ལ་གཟིགས། ། ཆུ་ཆེན་སྨྱོན་མའི་འགྲོས་ལ་ཕྱིར་ལྡོག་མེད”ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་བོད་ཀྱི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་པོར་བསྟན་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བའི་སྟོབས་ཤུགས་ཆེན་པོ་ལས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་གོ་སྐབས་འཕྲད་ཡོད། བོད་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པའི་ལྡོག་མེད་ཀྱི་གདམ་ག་ཙམ་མ་ཡིན་པར་རང་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་དེ་ཡང་ཡིན་པ་རེད།

    རང་ལྗོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ལེགས་ཆ་ཕུན་སུམ་ཚོགས་པ་དང་གཏིང་ཤུགས་ཆེན་པོ་ལྡན། ཚན་རྩལ་གསར་གཏོད་ཁྱབ་ཁོངས་སུ། མིག་སྔར། རང་ལྗོངས་ཀྱིས་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་རགས་ཙམ་བཙུགས་ནས་ནུས་རྒྱུ་གཙང་མའི་གློག་འདོན་ཚད་99%ལས་བརྒལ་ཡོད། འབྱུང་འགྱུར་ང་ཚོས་ཚན་རིག་ཞིབ་འཇུག་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་ཚན་ཞིབ་སྒྲིག་གཞི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སློབ་ཞིབ་སྤྱོད་ཀྱི་མཐུན་སྦྱོར་གསར་གཏོད་ལས་སྟེགས་སྐྲུན་པ། ནུས་རྒྱུ་གཞན་སྒྱུར་དང་ནུས་གསོག་སོགས་ཐད་ཀྱི་འགག་རྩའི་ལག་རྩལ་གཙོ་བོ་འགག་སྒྲོལ་བཅས་བྱས་ཏེ་མ་གནས་དམའ་རུ་གཏོང་བ་དང་ཆབས་ཅིག ནུས་རྒྱུའི་བརྟན་པོའི་རང་བཞིན་དང་བློས་འཁེལ་རང་བཞིན་ཆེ་རུ་གཏོང་དགོས། ཐོན་ལས་གསར་གཏོད་ཐད། རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ནས་ཐོན་ཁུངས་གཞན་སྒྱུར་ནུས་ལྡན་ཐུབ་པར་བྱེད་དགོས། དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་སྤྱད་དེ་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་སྔོན་ཐོན་གྱི་ལས་སྣོན་ལག་རྩལ་ལ་བརྟེན་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་གསར་སྤེལ་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་གླིང་བཙུགས་ཏེ་ཞིང་འབྲོག་ལས་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག རང་ལྗོངས་ལ་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་རྒྱ་ཆེ་ལ་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཡོད་པས། དེ་རྨང་གཞིར་བྱས་ནས་རིག་གནས་ཡུལ་སྐོར་ཞབས་ཞུ་རྒྱུན་ཆད་མེད་པར་རིམ་སྤོར་དང་། རྩེར་སོན་ཡུལ་སྐོར་ཐོན་རྫས་གསར་སྤེལ། རྒྱལ་སྤྱིའི་ཤུགས་རྐྱེན་ལྡན་པའི་རིག་གནས་ཡུལ་སྐོར་IPགཏོད་པ་བཅས་བྱས་ནས“སྙན་ངག་དང་རྒྱང་རིང”གཉིས་ཀ་འདི་གར་ཉིས་འཛོམས་ཡོང་བར་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཐད། “སྦྲེལ་གློད”དང“རམ་འདེགས”གཉིས་ཀ་བྱས་ནས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གིས་ཚན་ཞིབ་མི་སྣར་རྣམ་གྲངས་རང་བདག་དབང་ཆ་དང་། གྲོན་དངུལ་བཀོལ་སྤྱོད་དབང་ཆ། གྲུབ་འབྲས་གཞན་སྒྱུར་དབང་ཆ་བཅས་སྔར་བས་ཆེན་པོ་སྤྲད་དེ། གསར་གཏོད་ཀྱི་སྤུས་ཚད་དང་དངོས་ཕུལ་བྱས་རྗེས་གཉིས་སྟོན་ཕྱོགས་སུ་བྱས་པའི་གདེང་འཇོག་ལམ་སྲོལ་འཛུགས་དགོས། ཤེས་རིག་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་བཏོད་དེ། ཤེས་ལྡན་པ་དང་ཐོན་ཁུངས་དེ་བས་མང་པོ་བོད་དུ་འགུག་དགོས། གཞན་ཡང་། རང་ལྗོངས་ཀྱིས་ད་དུང་གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་ཞིབ་མཆན་འགོད་པ་དང་བློ་འདྲི་སོགས་ཀྱི་ལས་སྒོ་དྲ་ཐོག་དང་ལག་ཐོགས་ཁ་པར་ཐོག་ནས་སྒྲུབ་ཐུབ་པར་བྱས་ཏེ་ལས་རིམ་སྟབས་བདེ་རུ་དང་ལས་ཆོད་ཆེ་རུ་གཏོང་དགོས།

    “རླུང་བརྟེན་རླབས་གཤགས་སྐབས་ཡོད་པས། ། གྲུ་གཡོར་བསྒྲེངས་ནས་ཕ་མཐར་སྐྱོད” ཐོན་སྐྱེད་ནུས་ཤུགས་གསར་མ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུན་རིང་བདེ་འཁོད་དང་མི་དམངས་བདེ་སྐྱིད་ཡོང་བར་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། ང་ཚོས་ཐོན་སྐྱེད་ནུས་ཤུགས་གསར་མའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཐོག་དུས་ཚོད་ཀྱིས་ང་ལ་མི་སྒུག་པའི་དུས་གཏུག་གི་བསམ་པ་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་ཧུར་ཐག་ཞུགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་། དུས་རབས་གསར་པའི་རྒྱང་ལམ་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།